མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་ཉེན་རྟོག་ཕྱོགས་ནས་ཟས་བཅད་རྒོལ་གཏམ་བྱེད་སྒོ་སྤེལ་མཁན་ཕྱིར་འབུད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-02 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་པ་ཧྥ་ལི་ཡ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་མུ་ཉི་ཧེའི་ཉེན་རྟོག་ཕྱོགས་ནས་སྤྱི་ཟླ6པའི་ཚེས30ཉིན་གྲོང་ཁྱེར་གྱི་ལྟེ་བའི་ཐང་ཆེན་དུ་འདུ་འཛོམས་ཀྱིས་ཟས་བཅད་རྒོལ་གཏམ་བྱེད་སྒོ་སྤེལ་ནས་ཞི་བྱོལ་གྱི་རེ་ཞུ་བྱེད་མཁན་ཕྱིར་འབུད་བྱས་པ་མ་ཟད། ཟས་བཅད་རྒོལ་གཏོང་བྱེད་མཁན་ཆེས་མང་ཆེ་བ་སྨན་ཁང་ལ་སྨན་བཅོས་བྱེད་པར་སྐྱེལ་ཡོད་པ་རེད།

མུ་ཉི་ཧེའི་ཉེན་རྟོག་ཕྱོགས་ནས་ཉིན་ཤས་གོང་འདུ་འཛོམས་བྱེད་མཁན་ཕྱིར་འབུད་བྱེད་པའི་བྱ་སྤྱོད་སྤེལ་རིང་། ཉེན་རྟོག་ཕྱོགས་ནས་མི13གནས་སྐབས་བཀག་ཉར་བྱས་ཡོད་ཅེས་དང་། ཉེན་རྟོག་ཕྱོགས་ནས་ད་དུང་ཉིན་ཤས་བསྟུད་མར་ཟས་སྤང་སྟབས། རྒོལ་གཏམ་གཏོང་མཁན་གྱི་གཟུགས་གཞི་གནས་ཚུལ་ཧ་ཅང་ཚབས་ཆེ་རུ་ཕྱིན་ཡོད་ཅིང་། ཟས་བཅད་རྒོལ་གཏམ་གཏོང་མཁན་མི44ཁག་སོ་སོར་སྨན་ཁང12ལ་སྨན་བཅོས་བྱེད་པར་སྐྱེལ་ཡོད་ཅེས་བཤད་འདུག

ཉིན་ཤས་གོང་གླིང་ཨ་ཧྥེ་རི་ཁ་དང་ཨེ་ཤ་ཡ་གླིང་ནས་ཡོང་བའི་ཞི་བྱོལ་གྱི་རེ་ཞུ་བྱེད་མཁན50གྲོང་ཁྱེར་གྱི་ལྟེ་བའི་ཐང་ཆེན་དུ་འདུ་འཛོམས་བྱས་ནས་རྒོལ་གཏམ་གཏོང་བའི་བྱེད་སྒོ་སྤེལ་བ་དང་། ཟས་སྤངས་ཀྱི་ཐབས་ལ་བརྟེན་ནས་དབང་འཛིན་ལས་ཁུངས་ནས་ཁོ་ཚོའི་ཞི་བྱོལ་གྱི་རེ་ཞུ་གང་མགྱོགས་ཁས་ལེན་རྒྱུའི་རེ་བ་འདོན་གྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག