མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་ཀོ་ཏོར་གྱི་ཙུང་ཐུང་གིས་སི་ནོ་ཏེང་གང་དུ་འགྲོ་མིན་ཐག་གཅོད་པའི་དབང་ཆ་ཨུ་རུ་སུར་ཡོད་ཅེས་བཤད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-02 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་ཀོ་ཏོར་གྱི་ཙུང་ཐུང་གིས་སི་ནོ་ཏེང་གང་དུ་འགྲོ་མིན་ཐག་གཅོད་པའི་དབང་ཆ་ཨུ་རུ་སུར་ཡོད་ཅེས་གསུངས་པ་དང་། ཁོང་གིས་སི་ནོ་ཏེང་ཨོ་ཀོ་ཏོར་གྱི་མངའ་ཁོངས་ནང་སླེབས་ཚེ། གཞི་ནས་ཨོ་ཀོ་ཏོར་གྱི་སི་ནོ་ཏེང་གི་ཆབ་སྲིད་ཞི་བྱོལ་གྱི་རེ་ཞུ་ཐག་གཅོད་སྲིད་ཅེས་གསུངས།

ཁ་ཆེ་ལི་ཡས་སྤྱི་ཟླ6པའི་ཚེས28ཉིན་འཇར་མན་གྱི་ཙུང་ཐུང་གཞོན་པ་པད་ཏེང་དང་མཛའ་གྲོགས་གླེང་མོལ་གནང་ཞིང་། ཨ་རིའི་ལེང་ཅིང་མན་གྱི་དོན་རྐྱེན་གྱི་གསང་བ་ཕྱིར་བརྟོལ་བྱེད་མཁན་སི་ནོ་ཏེང་གྱིས་ཨོ་ཀོ་ཏོར་ཆབ་སྲིད་ཀྱི་ཞི་བྱོལ་བྱ་རྒྱུའི་རེ་ཞུ་བྱས་པའི་སྐོར་ལ་དགོངས་འཆར་གསུངས་རེས་གནང་ཡོད་པ་རེད། ཁེ་ལི་ཡས་སི་ནོ་ཏེང་ཞི་བྱོལ་བྱ་རྒྱུའི་རེ་ཞུ་བྱས་པའི་ཐད་དཔྱད་དཔོག་བྱེད་སྐབས། ཨོ་ཀོ་ཏོར་གྱིས་ཨ་རིའི་བསམ་འཆར་ལ་བསམ་བློ་བཏང་སྲིད། གལ་སྲིད་སི་ནོ་ཏེང་ཨོ་ཀོ་ཏོར་གྱི་མངའ་ཁོངས་ནང་སླེབས་ཚེ། ང་ཚོས་དང་ཐོག་ཨ་རིའི་བསམ་འཆར་གང་འདྲ་ཡིན་མིན་སྐད་ཆ་འདྲི་སྲིད་ཅེས་དང་། འོན་ཀྱང་ཁོང་གིས་མཐར་སི་ནོ་ཏེང་ཞི་བྱོལ་བྱེད་འཇུག་མིན་ནི་ཨོ་ཀོ་ཏོར་ཕྱོགས་ནས་ཐག་གཅོད་རྒྱུ་རེད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག