མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིས་སི་རི་ཡའི་ངོ་རྒོལ་ཤོག་ཁག་ལ་མཚོན་ཆ་གང་ཡང་མཁོ་འདོན་བྱེད་མི་སྲིད་ཅེས་བཤད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-02 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཧྥ་རན་སི་སྲིད་གཞུང་གིས། སི་རི་ཡའི་ངོ་རྒོལ་ཤོག་ཁག་ནང་ཁུལ་དུ་རྙོག་འཛིང་ཆེན་པོ་ཡོད་པ་དང་མཚོན་ཆ་ཐལ་སྐྱོད་སྒྲིག་འཛུགས་ཀྱི་ལག་པའི་ནང་ལྷུང་རྒྱུ་སྔོན་འགོག་བྱེད་ཆེད་ཧྥ་རན་སིས་སི་རི་ཡའི་ངོ་རྒོལ་ཤོག་ཁག་ལ་མཚོན་ཆ་གང་ཡང་མཁོ་འདོན་བྱེད་མི་སྲིད་ཅེས་བཤད་འདུག

ཆ་འཕྲིན་ནང་དཔྱད་གཏམ་སྤེལ་བའི་ནང་། ཧྥ་རན་སིའི་ཆབ་སྲིད་ལས་རིགས་དང་མང་ཚོགས་ཀྱིས་སི་རི་ཡའི་ཉམས་ཉེན་ལ་འཛིན་པའི་ལྟ་སྟངས་ལ་འགྱུར་བ་བྱུང་ཡོད་པ་དང་ལྷག་དོན་དུ་ཚང་མས་སི་རི་ཡའི་ངོ་རྒོལ་ཤོག་ཁག་ལ་མཚོན་ཆ་མཁོ་འདོན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་མེད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཧྥ་རན་སིས་ལི་པི་ཡའི་ངོ་རྒོལ་ཤོག་ཁག་ལ་མཚོན་ཆ་མཁོ་འདོན་བྱེད་མྱོང་ཡོད་ཅིང་མཇུག་ཏུ་ཁ་ཀྲ་ཧྥེ་མགོ་རྟོང་སློག་རྗེས་ཧྥ་རན་སིའི་རོགས་སྐྱོར་བྱས་པའི་མཚོན་ཆ་འབོར་ཆེན་མ་ལིར་འབྱོར་ནས་ས་གནས་དེ་གའི་ཐལ་སྐྱོད་སྒྲིག་འཛུགས་ཀྱིས་ཧྥ་རན་སིའི་མཚོན་ཆ་བེད་སྤྱད་ནས་ཧྥ་རན་སིའི་དམག་མིར་འཇབ་རྒོལ་བྱས་ཡོད་པ་རེད་ཅེས་འཁོད་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག