མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་དཔོན་རིགས་ཀྱིས་ཨའོ་པ་མས་མན་ཏེ་ལ་དང་ཐུག་འཕྲད་གནང་རྒྱུ་མིན་པ་ཁས་ལེན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-02 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཙུང་ཐུང་ཨའོ་པ་མ་སྤྱི་ཟླ6པའི་ཚེས28ཉིན་ལྷོ་ཨ་ཧྥེ་རི་ཁར་ཕེབས་འབྱོར་ཟིན་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གཉིས་པར་འཚམས་འདྲི་གནང་འགོ་ཚུགས་ཡོད་པ་རེད།

ཨ་རི་ཕྱོགས་ཀྱི་དཔོན་རིགས་ཀྱིས། ནད་པའི་གཟུགས་པོའི་གནས་ཚུལ་དང་ཁྱིམ་མིའི་བསམ་འདུན་ལ་བསམ་གཞིགས་བྱས་ནས་ཨའོ་པ་མས་ལྷོ་ཨ་ཧྥེ་རི་ཁའི་དེ་སྔའི་ཙུང་ཐུང་མན་ཏེ་ལ་དང་ཐུག་འཕྲད་གནང་མི་སྲིད་པའི་ཁས་ལེན་བྱས་འདུག

ཨའོ་པ་མས་མན་ཏེ་ལ་ནི་དཔའ་བོ་ཡིན་པ་དང་རང་ཉིད་ལ་བབ་ཆགས་ཟབ་མོ་བཞག་མྱོང་ཡོད། དེར་རྟེན་ཁོང་ནས་ལྷོ་ཨ་ཧྥེ་རི་ཁ་གླིང་ལ་འཚམས་འདྲི་ཞུ་རྒྱུར་དཔའ་བོར་གུས་འདུད་ཞུ་བའི་ནང་དོན་ལྡན་ཡོད་ཅེས་གསུངས་ཡོད་པ་རེད།

མན་ཏེ་ལའི་ནད་གཞི་དྲག་སྐྱེས་བྱུང་བའི་གནས་ཚུལ་གྱིས་ཕྱི་ཕྱོགས་ནས་ཨའོ་པ་མས་ལྷོ་ཨ་ཧྥེ་རི་ཁ་གླིང་ལ་འཚམས་འདྲི་གནང་རིང་ཁོང་དང་ཐུག་འཕྲད་གནང་བཟོ་ཡོད་པའི་དོགས་པ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག