མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཏུ་དངོས་སྐྱེལ་རླངས་འཁོར་ཞིག་དང་སྤྱི་སྤྱོད་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-02 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མའི་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཟླ6པའི་ཚེས30ཡི་ཉིན་གྱི་དགོང་མོར་བཤད་རྒྱུར། དངོས་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཉིན་དེར་བྱང་ཕྱོགས་ཀྱི་ནུབ་བྱང་ཞིང་ཆེན་ནས་སྤྱི་སྤྱོད་རླངས་འཁོར་ཞིག་དང་ཐོ་བརྒྱབ་སྟེ། ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དངོས་སྐྱེལ་རླངས་འཁོར་ཆུང་བ་དེ་ནུབ་བྱང་ཞིང་ཆེན་གྱི་ལྔ་གཅིག་ཐིག་གཞུང་ལམ་སྟེང་སྤྱི་སྤྱོད་རླངས་འཁོར་ཞིག་གི་སྔོན་ལ་འབུད་རྩིས་བྱེད་སྐབས། གློ་བུར་དུ་རླངས་འཁོར་ཐོ་བརྒྱབ་སྟེ། སྐྱེས་པ1དང་བུད་མེད2། བྱིས་པ3བཅས་རྐྱེན་ལམ་དུ་ཤོར། དེའི་ནང་དངོས་སྐྱེལ་རླངས་འཁོར་སྟེང་མི་ཚང་མ་རྐྱེན་ལམ་དུ་ཤོར་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་ཉེན་རྟོག་ཕྱོགས་ཀྱིས་ད་རུང་བཤད་རྒྱུར། དོན་རྐྱེན་དེ་ལས་ད་རུང་སྤྱི་སྤྱོད་རླངས་འཁོར་སྟེང་གི་འགྲུལ་བ་མང་བོར་རྨས་ཕོག་པ་དང་། ཁོ་ཚོས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཟེར།

མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག