མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུ་ཀན་ཏཱ་ནས་སྣུམ་འདྲུད་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི29རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-02 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུ་ཀན་ཏཱའི་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཟླ6པའི་ཚེས30ཡི་ཉིན་བཤད་རྒྱུར། རྒྱལ་ས་ཁན་ཕཱ་ལཱ་ས་ཁུལ་དུ་ཚེས་ཉེར་དགུ་ཉིན་གྱི་ནམ་གུང་སྣུམ་འདྲུད་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི29རྐྱེན་ལམ་དུ་ཤོར་བ་དང་། མི29ལ་རྨས་ཕོག་ཟེར།

ཁན་ཕཱ་ལཱ་གྲོང་ཁྱེར་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་དབྱི་ཏི་སིན་ཁོན་པུས་ཀྱིས་གསར་འགོད་པར་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་སྣུམ་འདྲུད་རླངས་འཁོར་དེ་འགྲུལ་སྐྱེལ་དང་དངོས་སྐྱེལ་གཉིས་ལྡན་གྱི་རླངས་འཁོར་ཞིག་ལ་ཐོ་བརྒྱབ་སྟེ་མེར་འབར་ནས་མི29རྐྱེན་ལམ་དུ་ཤོར་བ་དང་། གཞན་མི29ལ་རྨས་ཕོག མིག་སྔར་རྨས་ཕོག་པའི་མི་སྣ་རྣམས་གྲོང་ཁྱེར་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།

ས་དེའི་གསར་འགྱུར་ལས་རིགས་ཀྱིས་དེའི་སྔོན་བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི30རྐྱེན་ལམ་དུ་ཤོར་བ་དང་། མི200ལྷག་ལ་རྨས་ཕོག་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག