མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཨ་ཧྥེ་རི་ཁ་གླིང་གི་ལྟོགས་སྐོམ་སེལ་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-02 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན3ཡིན་པའི་གླིང་ཆེན་ཨ་ཧྥེ་རི་ཁའི་ལྟོགས་སྐོམ་སེལ་བའི་མཐོ་རིམ་གྲོས་ཚོགས་སྤྱི་ཟླ7པའི་ཚེས1ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་ཡི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་གྲོལ། གྲོས་ཚོགས་ནས་ཕྱོགས་སོ་སོས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། ཉིས་སྟོང་ཉེར་ལྔ་ལོའི་སྔོན་ལ་ཨ་ཧྥེ་རི་ཁ་གླིང་ལྟོགས་སྐོམ་སེལ་བའི་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་དགོས་པའི་འབོད་སྐུལ་བཏང་།

གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་ཧེ་ཨར་མཱ་ལི་ཡཱ་མུའུ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འདས་པའི་ལོ་འགའི་རིང་ཨ་ཧྥེ་རི་ཁ་གླིང་གིས་ལྟོགས་སྐོར་སེལ་བའི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད་ཀྱང་། འབྲུ་རིགས་བདེ་འཇགས་དང་ལྟོགས་སྐོམ་གྱི་འགྲན་རྩོད་ཐག་གཅོད་པའི་ཐད་ནས་ཨ་ཧྥེ་རི་ཁ་གླིང་གི་ལས་སྔར་ལས་ལྗིད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ཤིང་། ཨ་ཧྥེ་རི་ཁ་གླིང་གིས་ནམ་ཟླའི་འགྱུར་ལྡོག་ལས་འབྲུ་རིགས་ཐོན་སྐྱེད་དང་བདེ་འཇགས་ལ་བཟོས་པའི་འགྲན་རྩོད་ཐག་གཅོད་བྱེད་པར་རོགས་རམ་བྱས་ཏེ། ཨ་ཧྥེ་རི་ཁ་གླིང་གིས2025ལོའི་སྔོན་ལ་ལྟོགས་སྐོམ་སེལ་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཞིང་སྡེའི་དཔལ་འབྱོར་དང་ཞིང་ལས་ཀྱི་འགན་ཁུར་བའི་ཨུ་ཡོན་ལོ་ཏཱ་ཡིས་ཚོགས་ཐོག་ནས་ཚོགས་ཞུགས་མཁན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་། ཕཱ་ཞིའི་ལུའུ་ལཱ་ཞིབ་འཇུག་ཁང་སོགས་དང་མཉམ་དུ། ཨ་ཧྥེ་རི་ཁ་གླིང་གི་ལྟོགས་སྐོམ་སེལ་བ་མངོན་འགྱུར་བྱེད་པའི་བྱེད་ཐབས་ནུས་ལྡན་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག