མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཐའོ་ཡཱའི་ནོར་སྲིད་བློན་ཆེན་གྱིས་ལས་ཁུར་དགོངས་ཞུ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-02 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡཱའི་ཙུང་ཐུང་བཞུགས་ཤག་གིས་སྤྱི་ཟླ7པའི་ཚེས1ཉིན་གསལ་སྒྲོག་སྤེལ་ཏེ། ཕུའུ་ཐའོ་ཡཱའི་ནོར་སྲིད་བློན་ཆེན་ཅཱ་སི་ཕཱ་ཨར་གྱིས་ལས་ཁུར་དགོངས་ཞུ་བྱས་པ་དང་། ད་ལྟའི་ནོར་སྲིད་རྒྱལ་སྲིད་དྲུང་ཡིག་ཆེན་མོ་ཨར་པུའུ་ཁིར་ཁི་ཡིས་དེའི་ཚབ་ཏུ་ལས་འགན་དེ་ཁུར་རྒྱུ་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕུའུ་ཐའོ་ཡཱའི་ཙུང་ཐུང་ཞེར་ཝ་ཡིས་ཉིན་དེར་ཅཱ་སི་ཕཱ་ཨར་གྱི་ལས་ཁུར་དགོངས་ཞུའི་རེ་འདོད་དང་ལེན་བྱས་པར་མ་ཟད། ཙུང་ལི་ཁི་ཨེ་ལོས་ཀྱིས་ཨར་པུའུ་ཁིར་ཁི་ནོར་སྲིད་བློན་ཆེན་དུ་བསྐོ་འཇོག་བྱེད་པར་འཐད་པ་བྱུང་། ཨར་པུའུ་ཁིར་ཁི་ཡིས་ཚེས2ཉིན་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྒྱུ་རེད་ཟེར།

ཁི་ཨེ་ལོས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཅཱ་སི་ཕཱ་ཨར་གྱིས་ཕུའུ་ཐའོ་ཡཱའི་ནོར་སྲིད་བློན་ཆེན་གྱི་འགན་ཁུར་ནས་ལོ་ངོ་གཉིས་འགོར་བའི་རིང་ལ། ནམ་རྒྱུན་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་བྱས་ཏེ་གཏོང་ཕོད་ཀྱི་སྙིང་སྟོབས་དང་བློ་དཀར་རྣམ་དག་གིས་དཀའ་ཁག་ཁྱད་དུ་བསལ་ནས། ནོར་སྲིད་བློན་ཆེན་གྱི་འགན་ཁུར་ལག་བསྟར་གང་ལེགས་བྱས་ཡོད་ཟེར།

ཕུའུ་ཐའོ་ཡཱའི་ཙུང་ཐུང་བཞུགས་ཤག་དང་ཙུང་ལིའི་བཞུགས་ཤག་གི་གསལ་སྒྲོག་གང་ཡིན་ཡང་ཅཱ་སི་ཕཱ་ཨར་གྱིས་ལས་ཁུར་དགོངས་ཞུ་བྱེད་པའི་རྒྱུ་མཚན་གསལ་བོར་བཤད་མེད། ཕུའུ་ཐའོ་ཡཱའི་ལུའུ་སཱ་ཚགས་པར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཅཱ་སི་ཕཱ་ཨར་གྱིས་ན་ནིང་སྤྱི་ཟླ10བ་ནས་བཟུང་ཁི་ཨེ་ལོས་ལ་ལས་ཁུར་དགོངས་ཞུ་བྱེད་པའི་རེ་འདོད་བཏོན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག