མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་བྱང་ཆིངས་རྩ་འཛུགས་ཀྱི་འཐབ་ཇུས་བར་སྣང་སྐྱེལ་འདྲེན་ནུས་པའི་འཆར་གཞི་དེ་དཔེ་སྟོན་ལྟ་བུར་བརྗོད་ཆོག་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-02 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་སྤྱི་ཟླ7པའི་ཚེས1ཉིན་ཧང་ག་རིའི་ཕཱ་པའོ་མཁའ་དམག་རྟེན་གཞི་ནས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་འཐབ་ཇུས་བར་སྣང་སྐྱེལ་འདྲེན་ནུས་པའི་འཆར་གཞི་དེ་དཔེ་སྟོན་ལྟ་བུར་བརྗོད་ཆོག་ཆོག་ཡིན་ཟེར།

ལཱ་སི་མུའུ་སིན་གྱིས་ཧང་ག་རིའི་རྒྱལ་སྲུང་བློན་ཆེན་ཆའོ་པའོ་དང་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གྱིས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་འཐབ་ཇུས་བར་སྣང་སྐྱེལ་འདྲེན་ནུས་པའི་འཆར་གཞིའིC-17རྟགས་ཅན་གྱི་འཐབ་ཇུས་སྐྱེལ་འདྲེན་གནམ་གྲུས་སྔོན་ཆད་ཧང་ག་རི་ནས་ཨ་ཧྥུའུ་ཧན་དུ་འཕུར་ནས། བྱང་ཆིངས་རྩ་འཛུགས་དང་ཨ་ཧྥུའུ་ཧན་དུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་འབྲེལ་མཐུད་བྱས་མྱོང་བ་དང་། རྒྱང་ཐག་རིང་བའི་ཧེ་ཐི་རུ་འཕུར་ནས་ས་འགུལ་གྱི་གནོད་འཚེ་ཐེབས་པའི་མང་ཚོགས་ལ་རོགས་རམ་ཡང་བྱས་མྱོང་ཟེར།

ལཱ་སི་མུའུ་སིན་གྱིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་འཐབ་ཇུས་བར་སྣང་སྐྱེལ་འདྲེན་ནུས་པའི་འཆར་གཞིའི་ནང་ཞུགས་པའི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་དང་གྲོགས་པོའི་འབྲེལ་བ་ལྡན་པའི་རྒྱལ་ཁབ་གཉིས་ཀྱིས་འཁོར་སྐྱོད་དང་སྲུང་སྐྱོབ་གྲོན་དངུལ་མཉམ་བགོ་བྱེད་བཞིན་ཡོད་པ་དང་། མཉམ་ལས་བཟང་བོ་བྱས་ཏེ་གྲུབ་འབྲས་བརྩོན་ལེན་བྱེད་བཞིན་ཡོད། དེ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁྱད་དུ་འཕགས་པའི་འགོག་སྲུང་གི་རང་མདངས་ངོ་མ་ཡིན་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་འཐབ་ཇུས་བར་སྣང་སྐྱེལ་འདྲེན་ནུས་པའི་འཆར་གཞི་དངོས་འབབ་བྱེད་ཆེད། རྒྱལ་ཁབ་བཅུ་གཉིས་ཀྱིས་མཉམ་དུ་མ་དངུལ་བཏང་སྟེC-17རྟགས་ཅན་གྱི་འཐབ་ཇུས་སྐྱེལ་འདྲེན་གནམ་གྲུ་གསུམ་ཉོས་པ་དང་། གནམ་གྲུ་དེ་གསུམ་པོ2009ལོར་ཕཱ་པའོ་མཁའ་དམག་རྟེན་གཞི་རུ་བཀོད་སྒྲིག་བྱས་པར་མ་ཟད། བར་སྣང་སྐྱེལ་འདྲེན་གྱི་མཉམ་འབྲེལ་རུ་ཁག་རྩ་འཛུགས་བྱས། ད་ལྟའི་བར་གནམ་གྲུ་གསུམ་པོས་བསྡོམས་པས་སྐྱེལ་འདྲེན་ལས་འགན་ཐེངས་དྲུག་བརྒྱ་ལྷག་ལག་བསྟར་བྱས་པ་དང་། འཕུར་སྐྱོད་ཀྱི་དུས་ཚོད་རིམ་བསགས་བྱས་ན་དུས་ཚོད་ཁྲི་གཅིག་ལ་བརྒལ་ཡོད་ལ། དངོས་རྫས་ཏུན་ཁྲི3དང་འགྲུལ་བ་ཁྲི3ལྷག་སྐྱེལ་འདྲེན་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག