མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་ཙུང་ཐུང་ཨོ་པཱ་མཱས་ཨ་ཧྥེ་རི་ཁ་གླིང་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་གསར་པ་ཞིག་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-01 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས30ཉིན་ལྷོ་ཨ་ཧྥེ་རི་ཁར་འཚམ་འདྲི་གནང་བཞིན་པའི་ཨ་རིའི་ཙུང་ཐུང་ཨོ་པཱ་མཱས་ཨ་ཧྥེ་རི་ཁ་གླིང་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་གསར་པ་ཞིག་ཁྱབ་བསྒྲགས་བྱས།

འཆར་གཞི་དེར་གཞིགས་ན། ཨ་རིས་ཨ་སྒོར་དུང་ཕྱུར70བཏང་ནས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱིས་གློག་ཤུགས་གོང་འཕེལ་གཏོང་རྒྱུར་རོགས་རམ་བྱེད་རྒྱུ་ཡིན་པ་རེད། ཨོ་པཱ་མཱས་ཨ་རི་སྲིད་གཞུང་གིས་ཨ་ཧྥེ་རི་ཁ་གླིང་བར་རོགས་པའི་འབྲེལ་བ་ཞིག་འཛུགས་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། རོགས་པའི་འབྲེལ་བ་དེ་རིགས་ཀྱིས་ཨ་ཧྥེ་རི་ཁ་གླིང་ལ་གོ་སྐབས་དེ་བས་མང་རགས་ཀྱི་ཡོད། ཨ་ཧྥེ་རི་ཁ་གླིང་གི་གློག་ཤུགས་ཅེས་པའི་རྣམ་གྲངས་དེ་ནི་ཨ་རིས་ཨ་ཧྥེ་རི་ཁ་གླིང་གོང་འཕེལ་གཏོང་ཆེད་འབད་བརྩོན་བྱེད་པའི་ཆ་ཤས་ཤིག་ཡིན། ཨ་ཧྥེ་རི་ཁ་གླིང་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འབྲེལ་བ་གཞི་གཅིག་ཅན་དུ་འགྱུར་རྒྱུ་རེད་ཅེས་གསུངས།

ཨ་ཧྥེ་རི་ཁ་གླིང་གི་གློག་ཤུགས་ཅེས་པའི་རྣམ་གྲངས་དེས་ས་ཧ་སླའ་བྱེ་ཐང་ལྷོ་རྒྱུད་དུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་དྲུག་ལ་ཕན་པ་ཐོབ་རྒྱུ་དང་། རྒྱལ་ཁབ་དེ་རྣམས་ནི་ཨད་ཙེ་ཨོ་སྦི་ཡ་དང་། ཀ་ན ཁེན་ནེ་ཡ ལི་སྦི་ལི་ཡ། ནི་ཧྲེ་རི་ཡ། ཐན་སང་ནི་ཡ་བཅས་ཡིན། འོན་ཀྱང་རྒྱལ་སྤྱིའི་ནུས་ཁུངས་ལས་ཁུངས་ཀྱི་སྔོན་རྩིས་ལ་གཞིགས་ན། ས་ཧ་སླའ་བྱེ་ཐང་ལྷོ་རྒྱུད་དུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་རྣམས་ལ་ཨ་སྒོར་དུང་ཕྱུར3000བཏང་ནས་སྤྱི་ལོ2030ལོའི་གོང་དུ་ས་ཁུལ་དེ་ཡོངས་སུ་གློག་གཏོང་ཐུབ་པའི་དམིགས་འབེན་ལེགས་གྲུབ་བྱེད་རྩིས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག