མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་ནོ་ཏེང་གི་ཕས་ཨ་རིར་ཡི་གེ་བཏང་ནས་འདྲི་གཅོད་མ་བྱས་གོང་འཇུ་བཟུང་བྱེད་མི་རུང་བ་སོགས་ཀྱི་ཆ་རྐྱེན་གསུམ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-01 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་མཚམས་སྦྱོར་ལས་རིགས་ནས་སྤྱི་ཟླ6པའི་ཚེས28ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ལེང་ཅིང་མན་གྱི་གྱོད་གཞིའི་བྱེད་གཏེ་སི་ནོ་ཏེང་གི་པ་ཕས་ཨ་རིའི་ཁྲིམས་འཛིན་པུའུ་ཀྲང་ཨེ་ལི་ཁེ་ཧོར་ཏེ་ལ་ཡི་གེ་བཏང་ནས་འདྲི་གཅོད་མ་བྱས་གོང་འཇུ་བཟུང་བྱེད་མི་རུང་བ་སོགས་ཀྱི་ཆ་རྐྱེན་གསུམ་བཏོན་ཡོད་པ་དང་། རྨང་གཞིའི་དེའི་ཐོག་རང་གི་བུར་རྒྱལ་ནང་དུ་ལོག་ནས་རང་ཉེས་ངོས་ལེན་ཞུ་རྒྱུར་བསླབ་བྱ་བྱེད་འདོད་ཡོད་ཅེས་བཏོན་ཡོད་པ་རེད།

ཨ་རིའི་སྐུད་ཡོད་བརྙན་འཕྲིན་གྱི་གསར་འགྱུར་དྲ་སྦྲེལ་ལ་ཉིན་དེ་རང་ལ་ཁྲིམས་རྩོད་པར་སྤྲོད་རྒྱུའི་ཡི་གེ་རག་པ་མ་ཟད། ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཁྲིམས་རྩོད་པས་སི་ནི་ཏེང་གི་པ་ཕའི་ཚབ་ཞུས་བྱས་ནས་ཁྲིམས་འཛིན་པུའུ་ཀྲང་ཧོར་ཏེ་ལ་ཁྲིམས་འཛིན་པུའུ་ནས་སི་ནོ་ཏེང་རང་མོས་ངང་རྒྱལ་ནང་ལ་ཕྱིར་ལོག་བྱས་ཏེ་འདྲི་གཅོད་དང་ལེན་བྱེད་རྒྱུའི་རེ་བ་བྱེད་ངེས་ཡིན་པར་ཡིད་ཆེས་ཡོད་ལ། སི་ནོ་ཏེང་གི་པ་ཕས་ཁོ་པ་རྒྱལ་ནང་ལ་ཕྱིར་ལོག་བྱ་རྒྱུར་གོ་སྐོན་བློ་འགུག་བྱེད་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་སྔོན་འགྲོའི་ཆ་རྐྱེན་ནི་འདྲི་གཅོད་མ་བྱས་གོང་སི་ནོ་ཏེང་འཇུ་བཟུང་བྱེད་པའམ་ཡང་ན་བཙོན་ཁང་དུ་འཇུག་མི་རུང་བ་དང་། བཀག་རྒྱའི་བཀའ་ཕབ་མི་རུང་བ། དེ་བཞིན་སི་ནོ་ཏེང་ལ་འདྲི་གཅོད་བྱེད་སའི་ས་ཆ་གདམ་ག་བྱེད་དབང་ཡོད་པ་བྱ་རྒྱུ་དེ་ཡིན་ཞེས་བཤད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག