མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁེ་ལིས་ཕ་དབྱི་ས་ཁུལ་ལ་འཚམས་འདྲི་གནང་བར་གྲུབ་འབྲས་ཐོབ་མེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-01 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས30ཉིན་ཕ་ལི་སི་ཏན་གྱི་དཔོན་རིགས་ཀྱིས། མིག་སྔར་དབུས་ཤར་ས་ཁུལ་དུ་འཚམས་འདྲི་གནང་བཞིན་པའི་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལིར་ཐེངས་འདིར་ཕ་དབྱིའི་ཞི་གྲོས་སླར་གསོ་བྱེད་ཆེད་སྐུལ་སྤེལ་གཏོང་བའི་ཐད་འགག་གཏོར་རང་བཞིན་གྱི་གྲུབ་འབྲས་ཐོབ་མེད་ཅེས་གསུངས།

 དབྱི་སི་རལ་ཕྱོགས་ཀྱིས་ཕ་ལི་སི་ཏན་གྱིས་ཞི་གྲོས་སླར་གསོ་བྱེད་ཆེད་སྔོན་འགྲོའི་ཆ་རྐྱེན་བཏོན་ནས་ཞི་གྲོས་སླར་གསོ་བྱེད་པར་འགོག་རྐྱེན་བཟོ་གི་འདུག་ཅེས་སྐྱོན་འཛུགས་བྱས་པའི་ཐད། ཕ་ལི་སི་ཏན་གྱི་དབུ་ཞུགས་གྲོས་མོལ་འཐུས་མི་ཨད་ལི་ཁ་ཐེས། དབྱི་སི་རལ་གྱིས་སྔོན་འགྲོའི་ཆ་རྐྱེན་བཏོན་ཡོད་ཅེས་གསུངས་འདུག ཁེ་ལི་སྤྱི་ཟླ6པའི་ཚེས27ཉིན་ཕ་དབྱི་ས་ཁུལ་དུ་ཕེབས་ནས་འཚམས་འདྲི་གནང་འགོ་བཙུགས་པ་དང་། སྤྱི་ཟླ6པའི་ཚེས26ཉིན་དབྱི་སི་རལ་ཕྱོགས་ཀྱིས་ཨེབ་རུ་ས་ལེམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ཁུལ་ཞིག་ཏུ་སྡོད་ཁང་གསར་པ་དྲུག་བཅུ་རེ་དགུ་གསར་བསྐྲུན་བྱེད་རྒྱུའི་འཆར་གཞིར་གྲོས་འཆམ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག