མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འགན་བཞེས་ལོ་དང་པོར་ངོ་རྒོལ་ཤོག་ཁག་གིས་མང་ཚོགས་ལ་ངན་སྐུལ་བྱས་པས་ཨེ་ཅིབ་ཀྱི་དུས་བབ་སླར་ཡང་ཟང་ཟིང་དུ་གྱུར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-01 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས30ཉིན་ནི་ཨེ་ཅིབ་ཀྱི་ཙུང་ཐུང་མོ་ཞིའི་འགན་བཞེས་ལོ་གཅིག་གི་དྲན་གསོའི་ཉིན་མོ་ཡིན། ཡིན་ནའང་ཨེ་ཅིབ་ཏུ། དྲན་གསོའི་ཉིན་མོ་དེ་སླེབས་ཉེར་ཡོད་པ་དང་བསྟུན་ནས་རྒྱལ་ནང་གི་ཆབ་སྲིད་སྟོབས་ཤུགས་ཁག་གི་འགྲན་རྩོད་སྔར་བས་ཛ་དྲག་ཏུ་ཕྱིན་ཡོད་པ་རེད།

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ6ཚེས28ཉིན་ནི་དབྱི་སི་ལན་ཆོས་ལུགས་ཀྱི་འདུ་འཛོམས་ཉིན་མོ་ཡིན་པས་ཨེ་ཅིབ་ཀྱི་མང་ཚོགས་ཁྲི་ཕྲག་ཁྲོམ་གཞུང་དུ་སྐྱོད་ནས་ཁྲོམ་སྐོར་ནང་ཞུགས་ཡོད་པ་དང་། ཁོང་ཚོའི་ཁྲོད་མང་ཆེ་བ་ནི་མོ་ཞིར་ངོ་རྒོལ་བྱེད་མཁན་ཡིན་པ་རེད། ངོ་རྒོལ་ཤོག་ཁག་གི་རྒྱལ་ཡོངས་མྱུར་སྐྱོབ་འཐབ་ཕྱོགས་དང་ཏང་ཤོག་གཞན་དག་ཁག་གཅིག་གིས་ད་དུང་དུས་བཀག་མ་ཟིན་གོང་དུ་ཙུང་ཐུང་གི་འདེམས་བསྐོ་བྱེད་དགོས་པའི་རེ་འབོད་བྱས་ཡོད་པ་རེད།

ཁེ་རོའི་བྱང་ཤར་ཕྱོགས་ཀྱི་སྲུང་སྐར་གྲོང་ཁྱེར་ན་སེར་གྲོང་ཁྱེར་ཏུ་མོ་ཞིར་ལ་རྒྱབ་སྐྱོར་བྱེད་མཁན་ཁྲི་ཕྲག་འདུ་འཛོམས་བྱས་ཡོད་པ་དང་། ཁོང་ཚོས་སྐད་གསང་མཐོན་པོས་ཁྲིམས་མཐུན་ཐོག་ནས་འདེམས་ཐོན་བྱུང་བའི་ཙུང་ཐུང་ལ་རྒྱབ་སྐྱོར་བྱེད་ཅེས་པ་སོགས་ཀྱི་འབོད་ཚིག་སྒྲོགས་ནས་ངོ་རྒོལ་ཤོག་ཁག་གིས་བཏོན་པའི་མོ་ཞིར་སྲིད་སྟེགས་ནས་འབབ་དགོས་པའི་ཆབ་སྲིད་རེ་བར་འགོག་རྒོལ་བྱས་ཡོད་པ་དང་། ཁོང་ཚོས་མོ་ཞིར་གྱི་འགན་ཡུན་ལོ་བཞི་ཡིན་པས་ཁོང་གི་འགན་ཡུན་ལོ་དང་པོར་རེ་བ་མཐོ་པོ་དེ་ལྟར་འདོན་མི་རུང་བའི་ངོས་འཛིན་བྱས་ཡོད་པ་རེད།

སྟབས་མི་ལེགས་པ་ཞིག་ལ་ཉིན་དེ་རང་གི་རྔམ་སྟོན་ཁྲོམ་སྐོར་ནང་སླར་ཡང་གདོང་ཐུག་ཐོན་ནས་ཉུང་མཐར་ཡང་མི2ཤི་ཡོད་པ་དང་རྨས་སྐྱོན་ཕོག་མཁན་མི80ལས་བརྒལ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག