མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་ནོ་ཏེང་གིས་ཨེ་ཀོ་ཏོར་ནས་ཁོང་གི་ཉེན་གཡོལ་རེ་བར་ཆོག་མཆན་སྤྲོད་རྒྱུའི་རེ་བ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-01 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གར་སོང་ཆ་མེད་དུ་གྱུར་ནས་ཉིན་འགའ་འགོར་བའི་སི་ནོ་ཏེང་གིས་སྤྱི་ཟླ6པའི་ཚེས28ཉིན་ཐུའི་ཐེ་པོད་ཕྲན་ཐོག ཨེ་ཀོ་ཏོར་མི་དམངས་ནས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལ་ཡི་གེ་གཏོང་རྒྱུའི་འབོད་སྐུལ་བྱས་པ་དང་། ཨེ་ཀོ་ཏོར་ནས་ཁོ་པའི་ཉེན་གཡོལ་རེ་འདུན་ལ་ཆོག་མཆན་སྤྲོད་རྒྱུའི་རེ་བ་བྱས་ཡོད་པ་རེད། ཨུ་རུ་སུའི་ཁྲིམས་འཛིན་སྡེ་ཁག་གི་འཐུས་མིས་ཉིན་དེ་རང་ལ། སི་ནོ་ཏེང་གིས་མིག་སྔར་གནམ་གྲུའི་སྤ་སེ་ཉོས་མེད་པ་དང་། སྔར་བཞིན་མོ་སི་ཁོའི་གནམ་གྲུ་ཐང་གི་བར་བརྒྱུད་ཁུལ་དུ་བསྡད་ཡོད་ཅེས་བཤད།

སྤྱི་ཟླ6པའི་ཚེས28ཉིན་ནི་སི་ནོ་ཏེང་ཤང་ཀང་ནས་མོ་སི་ཁོར་འབྱོར་བའི་ཉིན་དྲུག་པ་དེ་ཡིན་པ་དང་། ཨ་རིའི་དབང་འཛིན་ལས་ཁུངས་ཀྱིས་མུ་མཐུད་ཨུ་རུ་སུར་གནོན་ཤུགས་སྤྲད་ནས་སི་ནོ་ཏེང་ཨ་རིར་སྐྱེལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

སི་ནོ་ཏེང་གིས་ཐུའི་ཐེ་དྲ་ཚིགས་ཐོག་བཏང་བའི་པོད་ཕྲན་ནང་ཀུ་རེའི་ཚུལ་གྱིས། མོ་སི་ཁོ་ནས་ཁམ་ཕུ་ཁྲེར་འཕུར་ན་ཡང་འགྲིག་ཅེས་བཤད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག