མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་མནའ་འབྲེལ་གྱིས་ཨ་རིས་གསང་བ་ཉན་པའི་གནས་ཚུལ་ལ་འགྲེལ་བཤད་རྒྱག་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-01 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས30ཉིན་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ནས། ཨ་རིས་གསར་འགྱུར་ལས་རིགས་ཀྱིས་ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་གཞུང་ལས་ལས་ཁུངས་ཀྱི་གསང་བ་ཉན་ཡོད་ཅེས་པའི་གནས་ཚུལ་ལ་འགྲེལ་བཤད་རྒྱག་དགོས་པའི་རེ་བ་བཏོན།

གསལ་བསྒྲགས་ནང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཝ་ཧྲེང་ཏོན་དང་པུ་ལུ་སེར་དུ་ཡོད་པའི་ཨ་རིའི་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་གཏུག་བྱས་ནས། གསར་འགྱུར་ལས་རིགས་ཀྱིས་སྤེལ་བའི་གནས་ཚུལ་ངོ་མ་ཡིན་མིན་བརྡར་ཤ་གཅོད་དགོས་ཞེས་བཤད་ཡོད་པ་དང་། ཨ་རིས་མིག་སྔར་གནས་ཚུལ་སྤེལ་བ་ངོ་མ་ཡིན་མིན་རྟག་ཞིབ་བྱེད་བཞིན་ཡོད་པ་མ་ཟད་དེ་རྗེས་ཡོ་རོབ་མནའ་འབྲེལ་ལ་འབྲེལ་གཏུག་བྱེད་རྒྱུ་ཡིན་ཞེས་བཤད།

 འཇར་མན་གྱི་མེ་ལོང་གཟའ་འཁོར་ཚགས་པར་ཞེས་པའི་ཐོག་སྤྱི་ཟླ6པའི་ཚེས29ཉིན། ཨ་རིའི་ལང་ཅིང་གནད་དོན་ཐེར་འདོན་བྱེད་མཁན་སེ་ནོར་ཏེང་ངོ་མའི་ས་ནས་ཤེས་རྟོགས་བྱུང་བའི་ཆེས་མཐོའི་གསང་བའི་ཡིག་ཆ་ཅེས་པའི་ནང་དོན་ཁག་གཅིག་བཀོད་ཡོད་པ་རེད། ཡིག་ཆའི་ཐོག་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུད་ཀྱིས་ཡོ་རོབ་མནའ་འབྲེལ་སྤྱི་ཁྱབ་ཁང་དང་ཝ་ཧྲེང་ཏུན་དང་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ཁང་དུ་ཡོད་པའི་ཁང་པའི་ནང་ལྟ་སྐུལ་ཚོད་འཛིན་དང་གསང་བ་ཉན་རྒྱུའི་སྒྲིག་ཆས་བཀག་ཡོད་པ་དང་། དུས་མཚུངས་སུ་ཁང་པའི་ནང་གི་གློག་ལས་འཕྲུལ་ཆས་དྲ་བར་འཛུལ་ཡོད། གསང་བ་ཉན་པ་དང་དྲ་བའི་ནང་འཛུལ་པའི་བྱེད་སྟངས་དེ་རིགས་ད་བར་ལོ5སྤེལ་ཡོད་ཅེས་འཁོད་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག