མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-30 11:03

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས28ཉིན་བཤད་རྒྱུར། དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་མཱ་ཏིས་ཉེ་འདབས་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག་ཟེར།

    ཉེན་རྟོག་ཕྱོགས་ཀྱིས་གསར་འགོད་པར་བཤད་རྒྱུར། ས་དེའི་ཉེན་རྟོག་དཔོན་པོ་ཞིག་རླངས་འཁོར་ལ་བསྡད་དེ་ལཱ་མཱ་ཏིས་ཉེ་འདབས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་བརྒྱུད་སྐབས་རླངས་འཁོར་འགས་གཏོར་བཏང་བ་དང་། ཉེན་རྟོག་དཔོན་པོ་དེ་རྐྱེན་ལམ་དུ་ཤོར། མི་མང་བོ་དོན་རྐྱེན་བྱུང་སར་འདུས་པའི་སྐབས་སུ་འགས་གཏོར་ཐེངས་གཉིས་པ་བྱུང་སྟེ། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག་པ་རེད་ཟེར།

    ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཤི་རྨས་ཐེབས་པའི་མིའི་ཁྲོད་སྲིད་གཞུང་ལ་བློ་དཀར་བའི་ཞོང་ནེ་ཕྱོགས་ཁག་གི་སད་རྟོགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མང་བོ་ཡོད་པ་དང་། དོན་རྐྱེན་བྱུང་སའི་ཉེ་འདབས་ཀྱི་ཞིབ་བཤེར་ས་ཚིགས་དེ་ཡང་སད་རྟོགས་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པ་རེད། མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་འགས་གཏོར་དོན་རྐྱེན་དེ་གཉིས་བཟོས་པ་ཁས་ལེན་བྱས་མེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག