མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝེ་ཏི་མཱ་ལཱའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-30 11:03

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གནམ་གྲུ་ཆུང་བ་ཞིག་ཚེས28ཉིན་ཝེ་ཏི་མཱ་ལཱའི་མངའ་ཁོངས་སུ་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་དྲུག་པོ་ཚང་མ་རྐྱེན་ལམ་དུ་ཤོར།

    བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་དེ་ཞོགས་པའི་དུས་ཚོད་དྲུག་ཡས་མས་སུ་ཧྲིན་མཱ་ཁི་སི་ཞིང་ཆེན་གྱི་དབྱི་སི་ཆི་ཀུའུ་ཨན་གྲོང་ཁྱེར་ཉེ་འདབས་སུ་བྱུང་བ་དང་། ཝེ་ཏི་མཱ་ལཱ་དང་མའོ་ཞི་ཁིའི་མཐའ་མཚམས་ས་ཁུལ་བར་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཙམ་ཡོད་ཟེར། དབྱེ་སི་ཆི་ཀུའུ་ཨན་གྲོང་ཁྱེར་གྱི་ཧྲི་ཀྲང་མེ་ལི་ཏཱ་ཡིས་བཤད་རྒྱུར། གནམ་གྲུ་སར་ལྷུང་སའི་ཉེ་འདབས་སུ་མི་མེད་ས་སྟོང་ཡིན་པས་མི་སྣ་ཤི་རྨས་ཚབས་ཆེན་བཟོ་མེད། གནམ་གྲུའི་ནང་ནས་མའོ་ཞི་ཁིའི་ཐོབ་ཐང་ལག་ཁྱེར་རྙེད་པས་རྐྱེན་ལམ་དུ་ཤོར་བའི་མི་དྲུག་པོ་མའོ་ཞི་ཁིའི་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་ཀྱང་། བེམ་པོར་ངོས་འཛིན་བྱེད་ཐབས་མེད་པས་གནས་ཚུལ་ཞིབ་མོ་རྟོག་ཞིབ་བྱས་རྗེས་ད་གཟོད་ཐག་གཅོད་བྱེད་དགོས་ཟེར།

    ཝེ་ཏི་མཱ་ལཱའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་བཤད་རྒྱུར། གནམ་གྲུ་དེ་སར་ལྷུང་བའི་རྒྱུ་རྐྱེན་མིག་སྔར་ད་རུང་གསལ་བོར་མི་ཤེས་ཀྱང་། གནམ་གྲུའི་ཁ་ལོ་བས་སྡེ་ཁག་དེར་ཐེངས་འདིའི་འཕུར་སྐྱོད་ཀྱི་གནས་ཚུལ་སྙན་ཞུ་བྱས་མེད་པས། ཆོག་མཆན་མ་ཐོབ་པར་གསང་སྟབས་ཀྱིས་འཕུར་སྐྱོད་བྱས་པའི་ཁོངས་སུ་གཏོགས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག