མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སེར་ཝེ་ཡཱའི་མགོ་ཁྲིད་པས་ཡོ་རོབ་གླིང་མནའ་འབྲེལ་གྱིས་སེར་ཝེ་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་པར་ཆོག་མཆན་བཀོད་པར་དགའ་བསུ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-30 11:03

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེར་ཝེ་ཡཱའི་ཙུང་ཐུང་དང་ཙུང་ལི། གྲོས་དཔོན་བཅས་ཀྱིས་ཚེས28ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ནས་སེར་ཝེ་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་པར་དངོས་སུ་ཆོག་མཆན་བཀོད་པར་དགའ་བསུ་ཞུས།

    སེར་ཝེ་ཡཱའི་ཙུང་ཐུང་ནེ་ཁི་ལེ་ཆི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཆོད་དོན་དེ་ལས་སེར་ཝེ་ཡཱ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་འདྲ་མཉམ་གྱི་གྲོགས་པོ་བཟང་བོ་ཡིན་པ་མཚོན་ཡོད་ཟེར། ཁོས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་གྲོས་མོལ་མྱུར་དུ་མགོ་རྩོམ་པར་རེ་སྒུག་བྱེད་པའི་ཚུལ་བསྟན།

    སེར་ཝེ་ཡཱའི་ཙུང་ལི་ཏཱ་ཆི་ཆི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཆོད་དོན་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་ཟེར། སེར་ཝེ་ཡཱའི་གྲོས་དཔོན་ནེ་སི་ཐི་ཧྥན་ནོའུ་ཝེ་ཆི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཆོད་དོན་ལས་སེར་ཝེ་ཡཱའི་མ་འོངས་པར་ཁས་ལེན་གང་ལེགས་བྱས་པ་དང་། འོས་འགན་དང་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན། རྒྱུ་མཚན་ནི་མུ་མཐུད་དུ་བཅོས་བསྒྱུར་བྱེད་པར་བྱ་བ་མང་བོ་བསྒྲུབ་དགོས་པས་ཡིན་ཟེར།

    ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ནས་ཚེས་ཉེར་བརྒྱད་ཉིན་གྲོས་ཆོད་བཀོད་དེ། སེར་ཝེ་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་དངོས་སུ་མགོ་རྩོམ་པར་ཆོག་མཆན་བཀོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་ཐོག་མ་དེ་ཆེས་མགྱོགས་ན་ཉིས་སྟོང་བཅུ་བཞི་ལོའི་ཟླ་དང་པོར་སྤེལ་རྒྱུ་ཡིན་ལ། དེའི་སྔོན་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་དོན་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་མོལ་སྒྲོམ་གཞི་གཏན་འབེབས་བྱས་ཏེ། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ལ་ཆོག་མཆན་འགོད་པར་སྤྲོད་རྒྱུ་ཡིན་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག