མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་རྒྱལ་ཁབ་ཀྱིས་ཁི་རོ་ཏི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གསར་བར་གྱུར་བར་དགའ་བསུ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-30 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལཱ་ལི་ཨོ་ཡིས་ཚེས28ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཁི་རོ་ཏི་ཡཱ་རྒྱལ་ཁབ་ཟླ7པའི་ཚེས1ཉིན་ནས་བཟུང་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བརྒྱད་པར་གྱུར་བར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ལཱ་ལི་ཨོ་ཡིས་བཤད་རྒྱུར། ལོ་ངོ་བརྒྱད་ཀྱི་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་འཕེལ་རིམ་ཁྲོད། ཁི་རོ་ཏི་ཡཱའི་སྲིད་གཞུང་སྐབས་རིམ་བྱུང་གིས་བཅོས་བསྒྱུར་བྱེད་ཐབས་ལག་བསྟར་བྱེད་པར་འབད་བརྩོན་ལྷོད་མེད་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱི་རེ་བ་བསྐངས་པ་རེད། ཧྥ་རན་སི་རྒྱལ་ཁབ་ཀྱིས་ནམ་རྒྱུན་ཁི་རོ་ཏི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་མ་ཟད། དོན་དེའི་ཐད་ནས་ཕྱོགས་གཉིས་ཀྱི་གྲོས་མོལ་ལ་ཤུགས་སྣོན་བྱས་ཡོད་ཟེར།

ལཱ་ལི་ཨོ་ཡིས་བཤད་རྒྱུར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་ཁི་རོ་ཏི་ཡཱའི་ཙུང་ཐུང་ཡའོ་ཞི་པའོ་ཝེ་ཆི་རྣམ་གཉིས་མཉམ་དུ་ཟླ་བདུན་པའི་ཚེས་བཅུ་བཞིའི་ཉིན་ཕཱ་རེ་སི་གྲོང་ཁྱེར་ལྟེ་གནས་ཀྱི་ཞང་ཞེ་ལོས་ཧྲི་སྲང་ལམ་ནས་སྤེལ་རྒྱུ་ཡིན་པའི་ཧྥ་རན་སིའི་རྒྱལ་སྟོན་དམག་གཟིགས་མཛད་སྒོར་ཞུགས་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་ཁི་རོ་ཏི་ཡཱའི་དམག་མི་དང་ཧྥ་རན་སིའི་དམག་མི་མཉམ་གཅིག་ཏུ་རྒྱལ་སྟོན་གྱི་དམག་གཟིགས་མཛད་སྒོར་ཞུགས་ཏེ། ཁི་རོ་ཏི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གསར་བར་གྱུར་བར་རྟེན་འབྲེལ་ཞུ་རྒྱུ་རེད་ཟེར། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་ཡོ་རོབ་གླིང་མནའ་འབྲེལ་ལས་དོན་གྱི་འགན་ཁུར་བའི་པུའུ་ཀྲང་རིམ་པའི་འཐུས་མི་ལེ་ཕང་ཏན་ཟླ་དྲུག་པའི་ཚེས་སུམ་ཅུའི་སྔོན་ལ་སཱ་ཀི་ལེ་པུའུ་རུ་སོང་། ཧྥ་རན་སིའི་ཚབ་བྱས་ཏེ་ཁི་རོ་རི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་དགའ་སྟོན་མཛད་སྒོར་ཞུགས་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག