མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱ་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་གྱི་ལྟ་ཞིབ་པའི་དམག་དཔུང་གི་འགན་ཡུན་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-29 10:40

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས27ཉིན་གྲོས་ཆོད་བཀོད་དེ། སི་རི་ཡཱ་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་པའི་དམག་དཔུང་གི་འགན་ཡུན་དེ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་ཟླ་ངོ་དྲུག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

    གྲོས་ཆོད་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱ་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་གཅིག་སྟོང་དགུ་བརྒྱ་དོན་བཞི་ལོའི་ལྟ་ཞིབ་དམག་དཔུང་གི་གྲོས་མཐུན་གྱི་ནང་དོན་ཕྱོགས་ཡོངས་ནས་བརྩི་སྲུང་ནན་མོ་བྱེད་པའི་འོས་འགན་ཡོད་པ་ནན་བཤད་བྱས། ཕྱོགས་སོ་སོས་ཚད་ཆེན་པོས་རང་ཚོད་བཟུང་སྟེ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་ཆོད་ལ་འགལ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བསྟན་དོན། བཀག་སྡོམ་ས་ཁུལ་དུ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་ཚོགས་ཁག་གི་དམག་དོན་འགུལ་སྐྱོད་ཡོད་མི་རུང་བ་དང་། ཁོངས་གཏོགས་རྒྱལ་ཁབ་དག་གིས་ལྟ་ཞིབ་པའི་དམག་དཔུང་འགུལ་སྐྱོད་བྱེད་སའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་ཚོགས་ཁག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་གནོད་པའི་བྱ་འགུལ་གང་རུང་མཚམས་བཞག་སྟེ། ཞི་བདེ་སྲུང་སྐྱོབ་མི་སྣས་རང་དབང་དང་བདེ་འཇགས་ངང་ལས་འགན་ཡོངས་འགྲུབ་བྱེད་དུ་འཇུག་པའི་བསམ་ཚུལ་གསལ་བོར་སྟོན་དགོས་པའི་སྐུལ་མ་བཏང་།

    གྲོས་ཆོད་ལས་ནན་གྱིས་བསྟན་དོན། ལྟ་ཞིབ་པའི་དམག་དཔུང་དང་ཀི་ལན་ལྟ་ཞིབ་པའི་ཚན་ཆུང་གི་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་པར་ཤུགས་སྣོན་བྱེད་དགོས་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག