མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་སོ་བོའི་གྲོས་ཚོགས་ནས་སེར་ཝེ་ཡཱའི་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གྲོས་མཐུན་ལ་ཆོག་མཆན་བཀོད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-29 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁི་སོ་བོའི་གྲོས་ཚོགས་ནས་ཚེས27ཉིན་ཙུང་ལི་སཱ་ཆི་ཡིས་པུའུ་ལུའུ་སེར་ནས་སེར་ཝེ་ཡཱའི་ཙུང་ལི་ཏཱ་ཆི་ཆི་དང་མཉམ་དུ་བཀོད་པའི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གྲོས་མཐུན་ལ་ཆོག་མཆན་བཀོད།

ངོ་རྒོལ་ཏང་གི་གྲོས་མིས་གྲོས་ཁང་དུ་གྲོས་མཐུན་དེར་གྲོས་འཆམ་འབྱུང་བར་ངོ་རྒོལ་ཆེན་པོ་བྱེད་པ་དང་། ངོ་རྒོལ་ཏང་གི་རྒྱབ་སྐྱོར་མཁན་གྱིས་ཀྱང་གྲོས་ཁང་གི་ཐོག་ཁང་ཆེན་མོའི་ཕྱི་རོལ་དུ་ངོ་རྒོལ་བྱ་འགུལ་སྤེལ་ཏེ་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་ཡང་། གྲོས་ཁང་གི་ལས་གནས་བརྒྱ་དང་ཉི་ཤུའི་ཁྲོད་འདེམ་ཤོག་གྱ་བཞི་འཐད་པ་བྱུང་བའི་མཇུག་འབྲས་ཀྱིས་གྲོས་མཐུན་དེར་ཆོག་མཆན་ཐོབ་པ་རེད།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱི་མཐུན་སྦྱོར་འོག སེར་ཝེ་ཡཱ་དང་ཁི་སོ་བོའི་དབང་འཛིན་ལས་ཁུངས་ཀྱིས་སྐོར་ཐེངས་བཅུ་ལ་གྲོས་མོལ་བྱས་རྗེས། ཟླ་བཞི་བའི་ཚེས་བཅུ་དགུའི་ཉིན་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གྲོས་མཐུན་བཀོད་པ་དང་། སེར་ཝེ་ཡཱའི་གྲོས་ཁང་གིས་ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་གྲོས་མཐུན་དེར་ཆོག་མཆན་བཀོད་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག