མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་མཐོ་རིམ་དཔོན་པོས་ཨུ་རུ་སི་རྒྱལ་ཁབ་ཀྱིས་སི་ནོའུ་ཏིན་ལ་ཆབ་སྲིད་ཀྱི་འགེབས་སྲུང་བྱེད་དགོས་པར་འདོད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-29 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་འགྲོ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེ་ཏའོ་ཐའོ་ཧྥུའུ་ཡིས་ཚེས27ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁའི་གསང་བ་ཕྱིར་བཏང་བའི་སི་ནོའུ་ཏིན་ལ་ཆབ་སྲིད་ཀྱི་འགེབས་སྲུང་བྱེད་དགོས་པར་བསམ་བཞིན་ཡོད་ཟེར།

ཧྥེ་ཏའོ་ཐའོ་ཧྥུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སི་ནོའུ་ཏིན་གྱིས་ཨ་མེ་རི་ཁའི་སྲིད་གཞུང་གིས་མང་ཚོགས་ཀྱི་གཏམ་སྤྱོད་ལ་ལྟ་རྟོག་བྱས་པའི་གསང་བ་ཕྱིར་བསྒྲགས་པ་དང་། ལྟ་རྟོག་འཆར་གཞི་དེ་འདྲས་སྤྱི་ཚོགས་ཡོངས་ཀྱི་མང་ཚོགས་ལ་གནོད་སྐྱེལ་སྲིད་པས། སི་ནོའུ་ཏིན་ལྟ་བུའི་མི་ལ་ཆབ་སྲིད་ཀྱི་འགེབས་སྲུང་ཐོབ་དགོས་ཟེར། ཁོས་བསྟན་དོན། གལ་ཏེ་སི་ནོའུ་ཏིན་གྱིས་ཨུ་རུ་སི་ལ་ཆབ་སྲིད་འགེབས་སྲུང་གི་རེ་འདོད་ཞུས་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དངོས་སུ་ཐག་གཅོད་བྱེད་སྲིད་ཟེར།

ཕུའུ་ཅིན་གྱིས་ཚེས་ཉེར་ལྔ་ཉིན་བསྟན་དོན། སི་ནོའུ་ཏིན་ཨུ་རུ་སི་རུ་འབྱོར་བ་ནི་བློ་ཡུལ་ལས་འདས་པའི་དོན་ཞིག་ཡིན་པ་དང་། ཨ་མེ་རི་ཁས་དོན་དེའི་ཐད་ནས་ཨུ་རུ་སི་ལ་སྐྱོན་འཛུགས་བྱས་པར་ཡིད་འཐད་མིན་པའི་ཚུལ་བསྟན། ཁོས་སི་ནོའུ་ཏིན་གྱི་དོན་དེས་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བར་གནོད་པ་མི་འབྱུང་བར་རེ་བ་བྱས་ཡོད་ཟེར། ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཨ་མེ་རི་ཁས་ཉེས་ཅན་བརྒྱུད་སྤྲོད་བྱེད་པའི་གྲོས་མཐུན་བཀོད་མེད་པས་སི་ནོའུ་ཏིན་ཨ་མེ་རི་ཁར་སྤྲོད་མི་སྲིད་པ་ནན་བཤད་བྱས།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག