མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་སི་ནོའུ་ཏིན་འཛིན་བཟུང་བྱེད་པར་ཐབས་ངན་ཡོད་དགུ་འདོན་མི་སྲིད་པར་བཤད་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-29 10:39

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེ་ནེ་ཀལ་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས27ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། སི་ནོའུ་ཏིན་འཛིན་བཟུང་བྱེད་པར་ཐབས་ངན་ཡོད་དགུ་འདོན་མི་སྲིད་ལ། སི་ནོའུ་ཏིན་འཛིན་བཟུང་བྱེད་པར་གནམ་གྲུ་མངག་ནས་བཀག་འགོག་དེ་བས་ཀྱང་བྱེད་མི་སྲིད་ཟེར།

    ཨོ་པཱ་མཱ་ཡིས་སི་ནོའུ་ཏིན་གྱིས་གསང་བ་ཕྱིར་བཏང་བའི་དོན་རྐྱེན་ཐད་ནས་གསར་འགོད་པའི་དྲི་བར་ལན་འདེབས་སྟབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཨོ་པཱ་མཱ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་ཁྲིམས་འཛིན་སྡེ་ཁག་གིས་སྔ་གཞུག་ཏུ་ཞང་ཀང་དང་ཨུ་རུ་སི་ལ་ཉེས་ཅན་ཕྱིར་སྤྲོད་པའི་རེ་བ་གསལ་བོ་བཏོན་མེད་ཀྱང་། ཁོས་སི་ནོའུ་ཏིན་གྱི་དོན་རྐྱེན་ཐད་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་གློག་འཕྲིན་བཏང་མེད་ཟེར།

    ཨོ་པཱ་མཱ་ཡིས་བཤད་རྒྱུར། ཁོས་སི་ནོའུ་ཏིན་འཛིན་བཟུང་བྱེད་པར་གནམ་གྲུ་མངག་ནས་བཀག་འགོག་བྱེད་མི་སྲིད་ཀྱང་། ཁོས་ཨུ་རུ་སི་དང་སི་ནོའུ་ཏིན་ལ་འགེབས་སྲུང་བྱེད་པར་བསམ་བློ་གཏོང་བའི་རྒྱལ་ཁབ་གང་ཡིན་ཡང་རང་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆ་ཤས་ཡིན་པ་ཁས་ལེན་བྱས་ཏེ། རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱེད་པར་རེ་བ་བྱེད་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག