མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཐའོ་ཡཱ་ནས་རྒྱལ་ཡོངས་ཀྱི་ལས་བྱོལ་བྱ་འགུལ་སྤེལ་ཏེ་སྲིད་གཞུང་གི་དཔལ་འབྱོར་གྲོན་ཆུང་སྲིད་ཇུས་ལ་ངོ་རྒོལ་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བསོད་ནམས་ཚེ་རིང་།    2013-06-29 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡཱ་ནས་ཚེས27ཉིན་དུས་ཚོད24རིང་གི་རྒྱལ་ཡོངས་ཀྱི་ལས་བྱོལ་བྱ་འགུལ་སྤེལ་བ་དང་། ཕུའུ་ཐའོ་ཡཱའི་རྒྱལ་ས་ལི་སི་པིན་ནས་ཉིན་དེར་ད་རུང་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། སྲིད་གཞུང་གིས་དཔལ་འབྱོར་ཉམས་ཉེན་ཐག་གཅོད་བྱེད་ཆེད་ལག་བསྟར་བྱས་པའི་དཔལ་འབྱོར་གྲོན་ཆུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས།

ཐེངས་འདིའི་རྒྱལ་ཡོངས་ཀྱི་ལས་བྱོལ་བྱ་འགུལ་དེ་ཕུའུ་ཐའོ་ཡཱའི་ངལ་རྩོལ་མཁན་སྤྱིའི་བཟོ་ཚོགས་དང་བཟོ་བའི་སྤྱིའི་བཟོ་ཚོགས་ཀྱིས་མཉམ་དུ་སྤེལ་བ་རེད། ཉིན་དེའི་ཕྱི་དྲོར་ལི་སི་པིན་གྱི་མང་ཚོགས་སྟོང་ཕྲག་འགའ་སྲང་ལམ་དུ་སོང་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་འཕྲེད་བྱང་མཐོན་པོར་བཏེགས་ཏེ་གྲོང་ཁྱེར་ལྟེ་གནས་ཀྱི་ལོ་ཞི་ཨོ་ཐང་ཆེན་ནས་ཕུའུ་ཐའོ་ཡཱའི་གྲོས་ཁང་ཐོག་ཁང་ཆེན་མོའི་བར་སོང་བ་དང་། བར་མཚམས་མེད་པར་ཁ་དབྱངས་མཐོན་པོར་བསྒྲགས། ངོ་རྒོལ་མང་ཚོགས་ཀྱིས་སྲིད་གཞུང་གིས་སྤྱད་པའི་དཔལ་འབྱོར་གྲོན་ཆུང་གི་སྲིད་ཇུས་ལས་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བ་དང་། ལས་ཤོར་གྱི་མི་གྲངས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ནས་ངལ་རྩོལ་མཁན་གྱི་ཁེ་དབང་ལ་གནོད་པ་ཐེབས་ཡོད་ལ། ཁོ་ཚོས་ཟླ་ཕོགས་ཇེ་མཐོར་གཏོང་བ་དང་དཔྱ་ཁྲལ་ཇེ་དམའ་རུ་གཏོང་དགོས་པའི་རེ་བ་བཏོན་པ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་རེ་འགས་ད་རུང་སྲིད་གཞུང་གིས་ལས་འགན་བསྐྱུར་དགོས་པའི་རེ་བ་འདོན་བཞིན་ཡོད།

ལས་བྱོལ་བྱ་འགུལ་གྱི་དབང་གིས་ལི་སི་པིན་གྲོང་ཁྱེར་གྱི་ས་འོག་ལྕགས་ལམ་དང་མེ་འཁོར། གྲུ་གཟིངས་སོགས་ཉིན་གང་བོར་མཚམས་བཞག་པ་དང་། གྲོང་ཁྱེར་ནང་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་གྱི་གཏོང་ཐེངས་ཀྱང་ལྡབ་འགྱུར་གྱིས་ཇེ་ཉུང་དུ་བཏང་ཡོད། དེ་ལས་གཞན་གཞུང་བཙུགས་སྨན་ཁང་ཁག་ཅིག་ལའང་གནོད་པ་ཐེབས་ཡོད་ལ། སློབ་གྲྭ་རེ་འགས་ཉིན་དེར་སློབ་ཁྲིད་མཚམས་བཞག་པ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག