མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མ་ལིའི་བརྟན་ལྷིང་ཚོགས་པ་ཟླ་རྗེས་མར་ཐོག་མའི་བྱ་སྤྱོད་སྤེལ་བའི་ནུས་པ་ལྡན་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-28 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཞི་སྲུང་ལས་དོན་གྱི་དྲུང་ཆེ་གཞོན་པ་ལ་ཏེ་སུས་སྤྱི་ཟླ6པའི་ཚེས25ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ། མཉམ་འབྲེལ་རྒྱལ་ཚོགས་མ་ལིའི་བང་རིམ་མང་བའི་ཕྱོགས་བསྡུས་བརྟན་ལྷིང་ཚོགས་པ་སྤྱི་ཟླ7པའི་ཚེས1ཉིན་ནས་ཐོག་མར་བྱ་སྤྱོད་སྤེལ་བའི་ནུས་པ་ལྡན་ཐུབ་རྒྱུ་མ་ཟད། ད་ལོའི་ལོ་མཇུག་གོང་དུ་ཁྱོན་ཡོངས་ནས་བྱ་སྤྱོད་སྤེལ་བའི་ནུས་པ་ལྡན་ཐུབ་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག

ལ་ཏེ་སུའུ་ཡིས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མ་ལིའི་བརྟན་ལྷིང་ཚོགས་པས་བཀོད་སྒྲིག་བྱས་པའི་ས་ཁུལ་ནང་དགོས་ངེས་ཀྱི་བྱ་ཐབས་བཟུང་ནས་ལས་འགན་ལེགས་གྲུབ་བྱེད་ཆོག་པའི་དབང་ཆ་སྤྲད་པ་དང་། དེས་ཚོགས་པ་དེས་ནུས་པའི་ཁྱབ་ཁོངས་ནང་བརྟན་པོ་དང་སྐྱོན་བྲལ་ངང་འོས་འགན་ལེགས་གྲུབ་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་ནན་བཤད་བྱས་འདུག

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཟླ4པའི་ཚེས25ཉིན་གྲོས་ཆོད་ལ་གྲོས་འཆམ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་ལིའི་བང་རིམ་མང་བའི་ཕྱོགས་བསྡུས་བརྟན་ལྷིང་ཚོགས་པ་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་། མ་ལིའི་བརྟན་ལྷིང་ཚོགས་པར་མང་ཤོས་ལ་དམག་དོན་མི་སྣ11200དང་ཉེན་རྟོག་པ1440བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག