མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་དུག་འགོག་ཉིན་མོར་དྲན་གསོ་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-28 10:32

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས26ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཡིན་ཞིང་། རྒྱལ་སྤྱིའི་དུག་འགོག་ཉིན་མོར་དྲན་གསོ་ཞུ་ཆེད། ཝུའུ་ཙེ་པེ་ཁེ་སི་ཐན་གྱི་རྒྱལ་ཁབ་བདེ་འཇགས་ཅུད་ཀྱིས་སྤྱི་ཟླ6པའི་ཚེས26ཉིན་ཐ་ཧྲེ་ཀན་གྲོང་འཁྱེར་ཉེ་འགྲམ་དུ་ཡོད་པའི་བཟོ་གྲྭ་ཞིག་ཏུ་ཡོངས་བསྒྲགས་ངང་དུག་རྫས་སྤྱི་རྒྱ1537རྩ་མེད་བཟོས་ཡོད་པ་རེད།

  ཝུའུ་ཙེ་པེ་ཁེ་སི་ཐན་གྱིས་སྤྱི་ལོ1994ལོ་ནས་བཟུང་ཡོངས་བསྒྲགས་ངང་དུག་རྫས་རྩ་མེད་བཟོ་འགོ་བཙུགས་པ་དང་། ད་བར་དུག་རྫས་རྩ་མེད་བཟོས་པའི་འབོར་ཚད་ཏུན50ཟིན་ཡོད་པ་རེད། སྤྱི་ཟླ6པའི་ཚེས26ཉིན་ནི་རྒྱལ་སྤྱིའི་དུག་རྫས་འགོག་པའི་ཉིན་མོ་ཡིན་པ་དང་། ད་ལོའི་བརྗོད་བྱ་གཙོ་བོ་ནི་ཁྱེད་ཀྱི་ཚེ་སྲོག་ནང་གི་སྤྲོ་སྣང་གསར་པ་ནི་བདེ་ཐང་ཡིན་དགོས་པ་ལས་དུག་རྫས་ཡིན་མི་རུང་ཞེས་པ་དེ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག