མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་གནད་དོན་རྐྱེན་གྱིས་རེ་ནེ་ཝའི་གྲོས་ཚོགས་འཚོག་རྒྱུའི་དུས་ཚོད་ད་དུང་གཏན་འཁེལ་བྱས་མེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-28 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི། ཨུ་རུ་སུ་བཅས་ཀྱི་དཔོན་རིགས་ནས་སྤྱི་ཟླ6པའི་ཚེས25ཉིན་རེ་ནེ་ཝར། ཨ་རི་དང་ཨུ་རུ་སུས་བཏོན་པའི་སི་རི་ཡའི་གནད་དོན་གྱི་རེ་ནེ་ཝའི་གྲོས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཐད་ཕྱོགས་གསུམ་གྲོས་ཚོགས་ཐེངས་གཉིས་འཚོག་རྒྱུར་སྐུལ་འདེད་བཏང་ཡོད་ནའང་། རེ་ནེ་ཝའི་གྲོས་ཚོགས་འཚོག་རྒྱུའི་དུས་ཚོད་དང་ཚོགས་ཞུགས་པ་སོགས་འགག་རྩའི་གནད་དོན་ཐད་ཞིབ་ཕྲའི་གྲུབ་འབྲས་ཐོབ་མེད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོགས་འདུ་གྲོལ་རྗེས་སྤེལ་བའི་སྟབས་བདེའི་གསལ་བསྒྲགས་ནང་། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུ་ལོ་ཧྥུ་དང་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལིས་གཟའ་འཁོར་རྗེས་མར་མཇལ་འཛོམས་གནང་རྒྱུ་དང་། དེ་རྗེས་ཕྱོགས་གསུམ་ནས་སླར་ཡང་གྲོས་ཚོགས་འཚོག་རྒྱུའི་དུས་ཚོད་དང་ཚོགས་ཞུགས་པའི་མིང་ཐོའི་ཐད་གྲོས་ཞིབ་བྱ་རྒྱུ་རེད་ཅེས་འཁོད་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག