མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱས་ན་ད་གཟོད་ས་ཁུལ་དེའི་བདེ་འཇགས་དང་བརྟན་འཇགས་མངོན་འགྱུར་བྱེད་ཐུབ་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-27 09:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་སྤྱི་ཟླ6པའི་ཚེས25ཉིན་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་དབྱི་ཐཱ་ལེའི་ཕྱི་འབྲེལ་བློན་ཆེན་པའོ་ནེ་ནོའུ་ལ་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། ཡོ་རོབ་གླིང་དང་ཁྱད་པར་དུ་དབྱི་ཐཱ་ལེ་རྒྱལ་ཁབ་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་ནུས་པ་གལ་ཆེན་འདོན་དགོས། རྒྱུ་མཚན་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་རྒྱལ་ཁབ་གཉིས་མཉམ་གནས་བྱེད་པའི་ཐག་གཅོད་ཇུས་གཞིའི་ཁྱབ་ཁོངས་ནས་གྲོས་མོལ་བྱས་ཏེ། འཁྲུག་རྩོད་མཇུག་སྒྲིལ་དུ་བཅུག་ན། ད་གཟོད་ས་ཁུལ་གྱི་བདེ་འཇགས་དང་བརྟན་འཇགས་མངོན་འགྱུར་བྱེད་ཐུབ་ཟེར།

ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཨ་པུའུ་ཏུའུ་ལཱ་དང་པའོ་ནེ་ནོའུ། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་སྤྱིའི་མཉམ་ལས་དང་མི་ཆོས་རིང་ལུགས་རོགས་སྐྱོར་གྱི་འགན་ཁུར་བའི་དཔོན་པོ་ཀི་ཨོ་ཨར་ཅི་ཡེ་ཝ་བཅས་ཀྱིས་ཉིན་དེར་ཀྲུང་ཏུང་གི་གནས་བབ་དང་སི་རི་ཡཱའི་ཉམས་ཉེན་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས། ཨ་པུའུ་ཏུའུ་ལཱ་ཡིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་བཙན་གྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་པ་རྨང་གཞིར་བྱེད་དགོས་ཟེར། ཁོས་ཉེན་བརྡ་བཏང་སྟེ། དབྱི་སི་རལ་གྱིས་མུ་མཐུད་དུ་ཨུ་ཚུགས་བྱས་ཏེ་རང་འདོད་མཁྲེགས་འཛིན་བྱས་པ་དང་། ཐེངས་མང་བོར་ཡེ་ལུའུ་སཱ་ལེམ་ལ་གནོད་སྐྱེལ་བ་དང་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་དེ། ཞི་བའི་གྲོས་མོལ་སླར་གསོ་བྱེད་པའི་གོ་སྐབས་ཤོར་བ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག