མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁུན་ནེ་ཡཱ་དང་ཝུ་ཀན་ཏཱ་ཡིས་མཉམ་འབྲེལ་གྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-27 09:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུ་ཀན་ཏཱའི་ཙུང་ཐུང་མུའུ་སེ་ནེ་དང་ཝུ་ཀན་ཏཱ་རུ་འཚམས་འདྲི་བྱེད་པའི་ཁུན་ནེ་ཡཱའི་ཙུང་ཐུང་ཁུན་ཡཱ་ཐཱ་གཉིས་ཀྱིས་སྤྱི་ཟླ6པའི་ཚེས25ཉིན་གྲོས་མཐུན་བཀོད་དེ། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞི་གཙོ་བོར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

ཝུ་ཀན་ཏཱའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། ཝུ་ཀན་ཏཱ་དང་ཁུན་ནེ་ཡཱ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཉིན་དེར་ཝུ་ཀན་ཏཱའི་རྒྱལ་ས་ཁན་ཕཱ་ལཱ་ལྷོ་ངོས་ཀྱི་སྤྱི་ལེ་བཞི་བཅུའི་མཚམས་སུ་ཡོད་པའི་ཨིན་ཏི་ཕའེ་ཙུང་ཐུང་བཞུགས་ཤག་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་སྔར་ཡོད་ཀྱི་ལྕགས་ལམ་ཞིག་གསོ་བྱེད་པ་དང་མ་བཅོས་རྡོ་སྣུམ་གྱི་སྦུག་ལམ་དང་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་འཛུགས་སྐྲུན་བྱེད་པའི་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱས་ཏེ། ཁུན་ནེ་ཡཱའི་མིན་ཕཱ་སཱ་གྲུ་ཁའི་དངོས་ཟོང་གཙང་སེལ་བྱེད་པའི་ནུས་པ་མཐོར་འདེགས་བྱེད་པའི་རེ་བ་བཏོན།

མུའུ་སེ་ཝེ་ནེ་ཡིས་བལྟས་ན་ཝུ་ཀན་ཏཱ་དང་ཁུན་ནེ་ཡཱ་རྒྱལ་ཁབ་གཉིས་ཀྱིས་གཙོ་བོ་སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་སྟངས་བསྒྱུར་བར་བསམ་བློ་གཏོང་དགོས་པར་འདོད་པ་དང་། ཨ་ཧྥེ་རི་ཁ་ཤར་མའི་ཐུན་མོང་ཚོགས་པའི་རྒྱལ་ཁབ་ཀྱིས་འཕེལ་སྟངས་བསྒྱུར་བའི་འཕེལ་རྒྱས་ལས་གཞིའི་ཐད་ནས་མཉམ་ལས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

ཁུན་ཡཱ་ཐཱ་ཡིས་ཤུགས་ཆེན་པོས་ལྕགས་ལམ་རྨང་གཞིའི་འཛུགས་སྐྲུན་ལས་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན། ཁོས་བསྟན་དོན། ལྕགས་ལམ་ལས་ན་ང་ཚོས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བར་གལ་འགངས་ཧ་ཅང་ཆེ་བ་དང་། ཚོང་ལས་གཉེར་བའི་མ་རྩ་ཡང་ཇེ་ཉུང་དུ་གཏོང་ཐུབ་ཟེར།

ཁུན་ཡཱ་ཐཱ་ཚེས24ཉིན་ཝུ་ཀན་ཏཱ་རུ་འབྱོར་ཏེ། ཝུ་ཀན་ཏཱ་རྒྱལ་ཁབ་ལ་དུས་ཡུན་ཉིན་གཉིས་རིང་གི་རྒྱལ་དོན་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། དེ་ནི་ཁོས་ད་ལོའི་སྤྱི་ཟླ3པར་ཁུན་ནེ་ཡཱའི་ཙུང་ཐུང་གི་འགན་ཁུར་རྗེས་ཐོག་དང་པོར་ཝུ་ཀན་ཏཱ་རྒྱལ་ཁབ་ཏུ་འཚམས་འདྲིར་ཡོང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག