མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཉེར་ལྔས་མཉམ་འབྲེལ་གྱིས་ཀེ་ནེ་ཡཱ་མཚོ་ཁུགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-27 09:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀེ་ནེ་ཡཱའི་མཚོ་ཁུགས་ཀྱི་བདེ་འཇགས་གནད་དོན་ལ་གཞིགས་ཏེ། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པ་དང་། ཨ་ཧྥེ་རི་ཁ་དབུས་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པ། ཀེ་ནེ་ཡཱ་མཚོ་ཁུགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྤྱི་ཟླ6པའི་ཚེས24ཉིན་ནས་ཚེས25ཉིན་བར་ཁཱ་མེ་ལུང་གི་རྒྱལ་ས་ཡཱ་བུན་ཏི་ནས་མཉམ་དུ་མགོ་གཙོའི་གྲོས་ཚོགས་བསྡུས། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཉེར་ལྔས་ས་ཁུལ་གྱི་སྟོབས་ཤུགས་གཅིག་བསྡུས་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱེས་ཏེ། མཚོ་ཐོག་གི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུའི་རེ་བ་བཏོན། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་དག་གིས་འགུལ་སྐྱོད་དང་གསང་འཕྲིན་གྱི་བརྗེ་རེས་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཀེ་ནེ་ཡཱའི་མཚོ་ཁུངས་ཀྱི་ཉིན་རེར་ཛ་དྲག་ཏུ་འགྱུར་བཞིན་པའི་མཚོ་ཇག་དང་རྣམ་པ་གཞན་པའི་མཚོ་ཐོག་གི་ནག་ཉེས་བྱ་འགུལ་ལ་ཆམ་ཕབ་གཏོང་རྒྱུའི་འཆར་གཞི་ཡོད།

ཨ་ཧྥེ་རི་ཁ་ནུབ་མ་དང་ཨ་ཧྥེ་རི་ཁ་དབུས་མ། ཀེ་ནེ་ཡཱའི་མཚོ་ཁུགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྤེལ་བའི་མཚོ་ཐོག་བདེ་འཇགས་ཀྱི་མགོ་གཙོའི་གྲོས་ཚོགས་ཐོག་མའི་གཞི་རྒྱ་ཆེ་ཞིང་། ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་དང་། ཨ་ཧྥེ་རི་ཁ་དབུས་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་བཅུ་ཡིས་མཐོ་རིམ་དཔོན་པོ་མངག་ནས་གྲོས་ཚོགས་ལ་ཞུགས། དེའི་ནང་ཁཱ་མེ་ལུང་གི་ཙུང་ཐུང་པུས་ཡཱ་དང་ནེ་ཀྲི་རི་ཡཱའི་ཙུང་ཐུང་ཆའོ་ནཱ་སིན། པེ་ཉིན་གྱི་ཙུང་ཐུང་ཡཱ་དབྱེ། ཀ་ཕིན་གྱི་ཙུང་ཐུང་པང་ཀི། ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་སུའུ་སོགས་རྒྱལ་ཁབ་བཅུ་གཉིས་ཀྱི་མགོ་ཁྲིད་པ་ཚོགས་ཡུན་ཉིན་གཉིས་ཡིན་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱི་དམིགས་བསལ་འཐུས་མི་མུའུ་སཱ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ། དེ་མིན་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་སོགས་རྒྱལ་སྤྱིའི་ལས་ཁུངས་ཀྱི་འཐུས་མི་ཡང་གྲོས་ཚོགས་ལ་ཞུགས།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཟབ་ཞུགས་འོག་ཡཱ་ཏེན་མཚོ་ཁུགས་ཀྱི་སོ་མཱ་ལིའི་མཚོ་ཁོངས་ཀྱི་གཞི་རྒྱ་ཆེ་བའི་སྐོར་གཡེང་དང་འགེབས་སྲུང་བྱ་བར་ཉེ་བའི་ལོ་འགའི་རིང་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། མཚོ་ཇག་གི་འཇབ་རྒོལ་ཐེངས་གྲངས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་། ཀེ་ནེ་ཡཱ་མཚོ་ཁུགས་ཀྱི་གནས་བབ་དེ་ལས་ཛ་དྲག་ཏུ་གྱུར་ཡོད་ཅིང་། རྡོ་སྣུམ་ཉོ་ཚོང་ཉིན་རེར་དར་བའི་གནས་ཚུལ་འོག མཚོ་ཇག་བྱ་འགུལ་གྱི་འགུལ་སྐྱོད་ཁྱབ་ཁོངས་ཀྱང་སྔར་ལས་ཇེ་ཆེར་སོང་བ་དང་། ཨ་ཧྥེ་རི་ཁ་ནུབ་མ་ས་ཁུལ་དེ་ལཱ་ཏེན་མེ་གླིང་གི་དུག་རྫས་བརྒྱུད་སྤྲོད་བྱེད་ས་ཞིག་ཏུ་གྱུར་ཡོད་ལ། མཚོ་ཐོག་གི་ཁྲིམས་འགལ་ཉོ་ཚོང་དང་མངའ་ཁོངས་བརྒལ་བའི་ནག་ཉེས་དེ་ས་ཁུལ་དེའི་རྒྱལ་ཁབ་དག་གི་མདུན་དུ་ལྷག་པའི་དཀའ་ཁག་ཆེན་པོ་ཞིག་ཏུ་གྱུར་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག