མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་སི་ནོའུ་ཏིན་ཨ་མེ་རི་ཁར་སྤྲོད་པར་ཁས་ལེན་མ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-27 09:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་སྤྱི་ཟླ6པའི་ཚེས25ཉིན་ཧྥུན་ལན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁའི་གསང་འཕྲིན་ལས་ཁུངས་ཀྱི་གསང་བ་ཕྱིར་གཏོང་མཁན་སི་ནོའུ་ཏིན་སྔར་བཞིན་མའོ་སི་ཁོའི་གནམ་གྲུ་ཐང་དུ་ཡོད་ཟེར། ཨ་མེ་རི་ཁས་སི་ནོའུ་ཏིན་ཕྱིར་སྤྲོད་དགོས་པའི་རེ་འདོད་བཏོན་པར་ཕུའུ་ཅིན་གྱིས་ཁས་ལེན་མ་བྱས། ཁོས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁར་ཉེས་ཅན་ཕྱིར་སྤྲོད་པའི་གྲོས་མཐུན་མེད་ཟེར།

ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། སི་ནོའུ་ཏིན་གྱིས་ཨུ་རུ་སིའི་བཅའ་ཁྲིམས་ལ་འགལ་བའི་དོན་རྐྱེན་བཟོས་མེད་ལ། ཁོ་རྒྱལ་ཁབ་ཀྱི་མཐའ་མཚམས་ལས་བརྒལ་མེད་པས་ལམ་ཡིག་ལ་དགོས་པ་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག