མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་སྔོན་མ་མན་ཏེ་ལའི་ནད་གཞི་ཇེ་སྡུག་ཏུ་སོང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-26 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མའི་སྨྱན་སྦྱོར་ལས་རིགས་ནས་སྤྱི་ཟླ6པའི་ཚེས23ཉིན་གྱི་དགོང་མོ་གནས་ཚུལ་སྤེལ་བར་གཞིགས་ན། པེ་ལེ་ཐོ་ལེ་ཡར་སྨན་ཁང་དུ་བསྡད་ཡོད་པའི་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་སྔོན་མ་མན་ཏེ་ལའི་ནད་གཞི་ཇེ་སྡུག་ཏུ་སོང་ཡོད་པ་རེད།

མན་ཏེ་ལ་ནི་སྤྱི་ཟླ6པའི་ཚེས8ཉིན་གྱི་ཐོ་རེངས་གློ་བུར་དུ་སྨན་ཁང་དུ་བསྡད་པ་ཞིག་ཡིན་པ་དང་། དེ་ནི་མན་ཏེ་ལ་ད་ལོའི་ཚུན་དུ་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་ཐེངས་གསུམ་པ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག