མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རོ་མ་ཉི་ཡའི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཧའེ་ཧྲན་གྱི་གྲོག་རོང་ནང་ལྷུང་ནས་མི17རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-26 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རོ་མ་ཉི་ཡའི་ཡུལ་སྐོར་བ་སྐྱེལ་མཁན་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་སྤྱི་ཟླ6པའི་ཚེས23ཉིན་ཧེའི་ཧྲན་གྱི་སྨི50ཙམ་ཟིན་པའི་གྲོག་རོང་ནང་ལྷུང་ནས་མི17རྐྱེན་ལམ་དུ་ཤོར་བ་དང་། མི30ལ་རྨས་སྐྱོན་ཕོག་ཡོད་པ་རེད།

ས་གནས་དེ་གའི་གསར་འགྱུར་ལས་རིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དེའི་རླངས་འཁོར་ཨང་གྲངས་ནི་རོ་མ་ཉི་ཡའི་ཨང་གྲངས་ཡིན་པ་དང་། ཁ་ལོ་བ་ཡང་རོ་མ་ཉི་ཡ་ནས་ཡིན་པ་རེད། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ6པའི་ཚེས23ཉིན་གྱི་ཆུ་ཚོད17གཡས་གཡོན་དུ། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དེ་ཧེའི་ཧྲན་དབུས་རྒྱུད་དུ་གནས་པའི་མོ་ལ་ཁྲ་ཆོས་ཁང་ཉེ་འགྲམ་གྱི་རི་ལམ་སྟེང་གི་ཟམ་པ་ཞིག་གྲོལ་སྐབས་ཁ་ཤོར་སྟེ་ལྕགས་ཁྲར་བརྡུངས་ནས་གྲོག་རོང་ནང་ལྷུང་ཡོད་པ་རེད། ཧེའི་ཧྲན་གྱི་ནང་སྲིད་པུའུ་ཀྲང་ཁང་ཡེ་ཝེ་ཆིས། རྨས་མ་ཁག་སྨན་ཁང་ནང་སྐྱོབ་བཅོས་བྱེད་པར་སྐྱེལ་ཟིན་པ་དང་། མིག་སྔར་སྨན་དོན་མི་སྣས་ནུས་ཤུགས་ཡོད་རྒུས་རྨས་སྐྱོན་ཚབས་ཆེན་ཕོག་པའི་ནད་པར་སྨན་བཅོས་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག