མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྗར་པན་ཝེ་ཤིན་ཚོགས་པ་གྲོས་ཚོགས་ཁང་གི་འདེམས་བསྐོའི་ཁྲོད་ཕམ་ཉེས་ཚབས་ཆེན་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-26 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྗར་པན་གྱི་ཁྲན་ཅིང་གསར་འགྱུར་ཞེས་པའི་ཐོག་སྤྱི་ཟླ6པའི་ཚེས24ཉིན་གནས་ཚུལ་སྤེལ་བར། ལྗར་པན་ཝེ་ཤིན་ཚོགས་པར་ཏུང་ཅིན་ཏུའུ་གྲོས་ཚོགས་ཁང་གི་གྲོས་མིའི་འདེམས་བསྐོའི་ཁྲོད་ད་ཡོད་ཀྱི་གདན་ཐོབ་གསུམ་པོ་ཡང་མ་རག་པར་འོས་མིའི་ཁྲོད་མི་གཉིས་ལས་བདམས་ཐོན་བྱུང་མེད་པས་ཕམ་ཉེས་ཚབས་ཆེན་ཕོག་པ་རེད། ལྗར་པན་ཝེ་ཤིན་ཚོགས་པའི་སྤྱི་པའི་འཐུས་མི་ཧྲེ་ཡོན་ཧྲན་ཐའེ་ལང་གིས་ཉིན་དེ་གར་རང་ཉིད་དང་ལྗར་པན་ཝེ་ཤིན་ཚོགས་པའི་ཏང་གཙོ། ཏ་པན་གྲོང་ཁྱེར་གྱི་ཧྲེ་ཀྲང་ཆའོ་ཤ་ཁྲེ་གཉིས་པོ་བྱ་དཀའ་བྱེད་གཏད་དུ་འགྱུར་བའི་སྐོར་གླེང་སྐབས་གསར་འགྱུར་ལས་རིགས་ལ་ལས་གནས་དགོངས་ཞུ་བྱ་རྒྱུའི་ཤོད་སྟངས་དེ་ཁས་ལེན་བྱས་མེད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཧྲེ་ཡོན་ཧྲེན་ཐའེ་ལང་དང་ཆའོ་ཤ་ཁྲེས་ཁ་པར་བརྒྱུད་གྲོས་མོལ་བྱས་པ་དང་། ཁོང་གཉིས་པོས་ལས་གནས་དགོངས་ཞུ་བྱེད་མི་སྲིད་པར་མཐའ་འཁྱོལ་ཡོང་བ་བྱ་རྒྱུའི་རྣམ་པ་བསྟན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག