མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ངོ་རྒོལ་ཤོག་ཁག་ཆེ་ཤོས་ཀྱིས་སི་རི་ཡའི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུའི་རེ་བ་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-26 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས24ཉིན་སི་རི་ཡའི་མངའ་ཁོངས་ནང་གི་ངོ་རྒོལ་ཤོག་ཁག་ཆེ་ཤོས་ཏེ། སི་རི་ཡའི་རྒྱལ་ཡོངས་དམངས་གཙོ་སྒྱུར་བཅོས་སྟོབས་ཤུགས་མི་རིགས་མཐུན་སྦྱོར་ལས་ཁུངས་ཀྱིས་ངེས་པར་དུ་རི་ནི་ཝའི་སི་རི་ཡའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་བརྒྱུད། སི་རི་ཡའི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་ཐབས་འཚོལ་ཞིབ་ཐུབ་པ་ནན་བཤད་བྱས་པ་དང་དུས་མཚུངས་གདོང་ཐུག་ཕྱོགས་ཁག་གང་རུང་ལ་མཚོན་ཆ་མཁོ་འདོན་མི་བྱེད་རྒྱུའི་རེ་འབོད་བྱས་ཡོད་པ་རེད།

རྒྱལ་ཡོངས་དམངས་གཙོ་བཅོས་སྒྱུར་སྟོབས་ཤུགས་མཐུན་སྦྱོར་ལས་ཁུངས་ཀྱིས་སྤྱི་ཁྱབ་མཐུན་སྦྱོར་པ་ཧ་སང་ཨབ་ཏུ་ལ། ཨ་ཆི་མུས་ཉིན་དེ་རང་ལ་གསལ་བསྒྲགས་སྤེལ་བའི་ནང་། རྒྱལ་ཡོངས་མཐུན་སྦྱོར་ལས་ཁུངས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་ནས་ཉམས་ཉེན་ཐག་གཅོད་བྱེད་དགོས་པ་དང་། གདོང་ཐུག་ཕྱོགས་ཁག་གང་རུང་ལ་མཚོན་ཆ་མཁོ་འདོན་བྱེད་མི་རུང་བ། དོན་སྙིང་གང་ཡང་མེད་པ་དང་ལྟར་སྣང་གྱི་རྒྱལ་ཁ་ཐོབ་ངེས་པའི་མ་འོང་སྔོན་བཤད་ཀྱི་དམག་འཁྲུག་གླེང་གཏམ་ཤོད་མི་རུང་ཞེས་འཁོད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག