མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྲོག་ཉེན་ལས་ཐར་བའི་ཀྲུང་གོ་བ་གནས་སྐབས་ཕ་ཀི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དུ་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-26 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབས་པ་ཧྭ་ཁྲུན་ཡིང་གིས་སྤྱི་ཟླ6པའི་ཚེས24ཉིན་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཀྲུང་གོའི་ལས་ཞོར་རི་འཛེགས་རུ་མི་ཕ་ཀི་སི་ཐན་དུ་འཇབ་རྒོལ་ཕོག་པའི་དོན་རྐྱེན་ཐད་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས། ཀྲུང་གོའི་ཕྱོགས་ཀྱི་སྲོག་ཉེན་ལས་ཐར་བའི་མི་སྣ་གནས་སྐབས་ཕ་ཀི་སི་ཐན་དུ་བཅར་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དུ་བཀོད་སྒྲིག་བྱས་པ་དང་། རྐྱེན་ལམ་དུ་ཤོར་བའི་ཕུང་པོ་ཕ་ཀི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོར་དབོར་ཟིན་ཞེས་དང་། ཧྭ་ཁྲུན་ཡིང་གིས། ཀྲུང་གོའི་ཕྱོགས་ནས་ད་ཐེངས་ཀྱི་འཇིགས་སྐུལ་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་དེར་ཧ་ལས་ཧང་སང་བྱུང་བ་མ་ཟད་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན། ཕ་ཀི་སི་ཐན་ཕྱོགས་ནས་སྲོག་ཉེན་ཐར་བའི་མི་སྣའི་བདེ་འཇགས་ལ་འགན་ལེན་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣའི་འདས་མཇུག་ལེགས་པོ་བསྒྲུབ་རོགས་བྱེད་དགོས་ལ། ལག་དམར་བ་གང་མགྱོགས་འཛིན་བཟུང་བྱེད་དགོས་པ་མ་ཟད་ཆད་པ་ནན་པོ་གཅོད་རྒྱུ་དང་ནུས་ལྡན་གྱི་བྱེད་ཐབས་བཟུང་སྟེ་ཕ་ཀི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་དང་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་ཡིན། ཕ་ཀི་སི་ཐན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་གོའི་ཕྱོགས་ལ་ཙུང་ལི་ཤེ་ལི་ཕུའུ་དང་ཕ་ཀི་སི་ཐན་སྲིད་གཞུང་གིས་ཀྲུང་གོའི་ཕྱོགས་ཀྱི་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུ་རྒྱུ་མ་ཟད་དུས་ཐོག་ལ་སྟབས་ལེགས་ནས་སྲོག་ཉེན་ལས་ཐར་བའི་མི་སྣ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མིར་འཚམས་འདྲི་ཞུ་ལུགས་རྒྱུད་ཞུ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག