མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་མཱ་ལིའི་ཕྱོགས་བསྡུས་བརྟན་འཇགས་ཚོགས་པར་ཟླ་རྗེས་མའི་ཟླ་མགོར་འགུལ་སྐྱོད་ནུས་པ་ཅུང་ཙམ་ལྡན་སྲིད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-26 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལས་འགན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལཱ་ཏི་སུའུ་ཡིས་སྤྱི་ཟླ6པའི་ཚེས25ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཕྱོགས་བསྡུས་བརྟན་འཇགས་ཚོགས་པར་སྤྱི་ཟླ7པའི་ཚེས1ཉིན་འགུལ་སྐྱོད་ནུས་པ་ཅུང་ཙམ་ལྡན་སྲིད་པ་དང་། ད་ལོའི་ལོ་མཇུག་གི་སྔོན་ལ་ཕྱོགས་ཡོངས་ནས་འགུལ་སྐྱོད་སྤེལ་བའི་ནུས་པ་ལྡན་སྲིད་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་མཱ་ལིའི་གནས་བབ་ཐད་ནས་གྲོས་ཚོགས་བསྡུས། ལཱ་ཏི་སུའུ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པའི་བཀོད་སྒྲིག་གནས་ཚུལ་སྙན་ཞུ་བྱེད་སྐབས་ནན་གྱིས་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པས་བཀོད་སྒྲིག་ས་ཁུལ་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ལས་འགན་ཡོངས་འགྲུབ་བྱེད་པའི་དབང་ཆ་བྱིན་ཡོད་ལ། དབང་ཆ་བྱིན་པ་དེ་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པས་འཇིགས་ཉེན་ཡོད་པའི་ཁོར་ཡུག་ཁྲོད། རང་གི་ནུས་པའི་ཁྱབ་ཁོངས་ནང་ལས་འགན་ཡོངས་འགྲུབ་བྱེད་པར་ཕན་པ་ཡོད་ཟེར། ཁོས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧྥ་རན་སི་དང་མཉམ་དུ་ལག་རྩལ་བདེ་འཇགས་གྲོས་ཆོད་ཐད་ཀྱི་ཆེས་མཇུག་མཐའི་གྲོས་བསྡུར་བྱེད་བཞིན་ཡོད་ཟེར།

ལཱ་ཏི་སུའུ་ཡིས་བསྟན་དོན། མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པས་ས་ཁུལ་གྱི་ཆབ་སྲིད་འབྲེལ་མཚམས་གསར་བའི་འོག་བཀོད་སྒྲིག་བྱས་པ་ཡིན་ལ། འཕྲད་པའི་འཇིགས་ཉེན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཁྲོད་སྔ་ན་བྱུང་མ་མྱོང་བ་ཞིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོབ་འགུལ་སྐྱོད་ཀྱིས་རྣམ་པ་གསར་བ་ཞིག་སྐྲུན་ཐུབ་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསམ་གཞིག་ཡག་པོ་བཏང་སྟེ་མཉམ་དུ་མཱ་ལིའི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཁྲོད་འཕྲད་པའི་འགྲན་རྩོད་མང་བོ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག