མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་རྒྱ་གར་བྱང་ཕྱོགས་ས་ཁུལ་དུ་དྲག་ཆར་གྱི་གནོད་འཚེ་བྱུང་སྟེ་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བར་ཡིད་སྐྱོ་བའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-25 11:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་སྤྱི་ཟླ6པའི་ཚེས24ཡི་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། རྒྱ་གར་བྱང་ཕྱོགས་ས་ཁུལ་དུ་གཟའ་འཁོར་སྔོན་མར་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་། ཁང་བ་དང་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཆེན་པོ་ཐེབས་པར་ཡིད་སྐྱོ་བའི་ཚུལ་བསྟན།

ཕན་ཅི་བུན་གྱིས་གསལ་སྒྲོག་ནང་གནོད་ཐེབས་མང་ཚོགས་དང་རྒྱ་གར་སྲིད་གཞུང་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཤི་བོའི་ཁྱིམ་མི་དང་གནོད་འཚེའི་དབང་གིས་རྨས་སྐྱོན་ཕོག་པའི་མང་ཚོགས་ལ་འཚམས་འདྲི་བྱས། ཕན་ཅི་བུན་གྱིས་བཤད་རྒྱུར། ཁོས་རྒྱ་གར་སྲིད་གཞུང་དང་ས་ཆ་སོ་སོའི་གནོད་འཚེའི་དོ་དམ་ལས་ཁུངས་ཀྱིས་མྱུར་མོར་གནོད་སྐྱོབ་བྱ་འགུལ་སྤེལ་བར་གཟེངས་བསྟོད་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དུས་ངེས་མེད་དུ་རྒྱ་གར་ལ་རོགས་སྐྱོར་བྱས་ཏེ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་འབད་འབུངས་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

རྒྱ་གར་བྱང་ཕྱོགས་ཀྱི་ཨ་ཁུན་ཏི་པང་གི་གནོད་འཚེའི་དོ་དམ་ཁང་གི་དཔོན་པོ་ཡཱ་ལེ་ཨན་གྱིས་ཚེས23ཉིན་གྱི་དགོང་མོར་བཤད་རྒྱུར། བསྟུན་མར་ཉིན་འགའི་རིང་དྲག་ཆར་བབས་ཏེ་ཆུ་ལོག་གི་འཇིགས་པ་ཆེན་པོ་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྟོང་ལྔ་ལས་བརྒལ་སྲིད་ཟེར། དེའི་སྔོན་དཔོན་ཕྱོགས་ཀྱིས་འདོན་སྤྲོད་བྱས་པའི་རྒྱུ་ཆ་ལྟར་ན། ཚེས23ཉིན་གྱི་སྔ་དྲོའི་བར། བྱང་ཕྱོགས་ཀྱི་ཨ་ཁུན་ཏི་པང་ནས་མི680དྲག་ཆར་གྱི་གནོད་འཚེའི་དབང་གིས་རྐྱེན་ལམ་དུ་ཤོར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག