མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་མ་རྩའི་མཐོ་རིམ་གྲོས་ཚོགས་སྐབས་བཞི་བ་ཕཱ་རེ་སི་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-25 11:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་མ་རྩའི་མཐོ་རིམ་གྲོས་ཚོགས་སྐབས་བཞི་བ་སྤྱི་ཟླ6པའི་ཚེས24ཡི་ཉིན་ཕཱ་རེ་སི་ནས་ཚོགས། ཀྲུང་གོ་དང་ཡོ་རོབ་གླིང་གི་ཆབ་སྲིད་དང་དཔལ་འབྱོར། ཚོང་ལས་ལས་རིགས་བཅས་ཀྱི་མི་སྣ་སུམ་བརྒྱ་ལྷག་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོ་དང་འབྲེལ་ཡོད་གྲོས་གཞིའི་གྲོས་བསྡུར་ལ་ཞུགས།

རྒྱལ་སྤྱིའི་མ་རྩའི་མཐོ་རིམ་གྲོས་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞི། ཀྲུང་གོའི་སྔོན་ཆད་ཀྱི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་པུའུ་ཡི་པུའུ་ཀྲང་གཞོན་པ་ལུང་ཡུང་ཐུའུ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ཀྲུང་གོའི་སྲིད་གཞུང་གི་དཔོན་རིགས་དང་ཁེ་ལས་པ་སྐབས་འདིའི་མ་རྩའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས། མངོན་གསལ་གྱི་ཆ་འཕྲིན་གྱི་བརྒྱུད་སྒྲོག་བྱེད་ཐུབ་པར་རེ་བ་བཅངས་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཡོ་རོབ་གླིང་དུ་དངུལ་གཏོང་གོ་སྐབས་འཚོལ་ཞིབ་བྱེད་པར་རེ་འདུན་ཆེན་པོ་བཅངས་ཡོད། དེ་ཀྲུང་གོར་ཕན་པར་མ་ཟད་ཡོ་རོབ་གླིང་ལའང་ཕན་ཐོགས་ཡོད་ཟེར།

རྒྱལ་སྤྱིའི་མ་རྩའི་མཐོ་རིམ་གྲོས་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞི། ཧྥ་རན་སིའི་སྔོན་ཆད་ཀྱི་ཙུང་ལི་ལཱ་ཧྥ་ལན་གྱིས་གཏམ་བཤད་སྤེལ་ཏེ། ད་ལོའི་སྤྱི་ཟླ4བར་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཀྲུང་གོར་འཚམས་འདྲི་བྱེད་སྐབས་ཀྲུང་གོའི་ཁེ་ལས་ཀྱིས་ཧྥ་རན་སི་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་བའི་ཚུལ་བསྟན་ཡོད། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཞིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་བཟང་ལ། མཉམ་ལས་ལས་གཞི་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་དངུལ་གཏོང་ལ་ཤུགས་སྣོན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག