མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-25 11:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་མཐུན་སྦྱོར་པ་ཕུའུ་ལཱ་མུའུ་པུའུ་ལེ་ཡིས་སྤྱི་ཟླ6པའི་ཚེས24ཡི་ཉིན་པེ་རུ་ཐི་ནས་ལེ་པཱ་ནུན་གྱི་འབྲེལ་ཡོད་ཕྱོགས་ཁག་སོ་སོས་ལེ་པཱ་ནུན་གྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱས་ཏེ། རྒྱལ་ཁབ་དེ་ཟང་ཟིང་གི་གནས་སུ་ལྷུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕུའུ་ལཱ་མུའུ་པུའུ་ལེ་ཡིས་ཉིན་དེའི་ཕྱི་དྲོར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔའི་ལེ་པཱ་ནུན་དུ་སྡོད་པའི་གཞུང་ཚབ་པར་གྲོས་མོལ་བྱེད་པ་དང་། ལེ་པཱ་ནུན་གྱི་གནས་བབ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལག་བསྟར་བྱས་པའི་གནས་ཚུལ་ལ་གྲོས་བསྡུར་བྱས།

ཕུའུ་ལཱ་མུའུ་པུའུ་ལེ་ཡིས་གྲོས་མོལ་བྱས་རྗེས་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལེ་པཱ་ནུན་གྱི་དམག་དཔུང་དང་བདེ་འཇགས་དམག་དཔུང་གིས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཐད་བཏོན་པའི་ནུས་པར་རྒྱབ་སྐྱོར་བྱེད་པ་དང་། ཁོ་དང་རྒྱལ་ཁབ་ལྔའི་གཞུང་ཚབ་པས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་སེ་ཏཱ་གྲོང་ཁྱེར་དང་ས་ཁུལ་གཞན་པ་ནས་བྱུང་བའི་་ལེ་པཱ་ནུན་གྱི་དམག་དཔུང་ལ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། མི་སེར་དཀྱུས་མའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།

ཕུའུ་ལཱ་མུའུ་པུའུ་ལེ་ཡིས་ནན་གྱིས་བསྟན་དོན། ཁོ་དང་རྒྱལ་ཁབ་ལྔའི་གཞུང་ཚབ་པས་བལྟས་ན། མིག་སྔའི་དཀའ་ཁག་གི་དུས་སྐབས་སུ་ལེ་པཱ་ནུན་གྱི་ཙུང་ཐུང་དང་ལེ་པཱ་ནུན་གྱི་དམག་དཔུང་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། སེ་ཏཱ་སོགས་ས་ཁུལ་སྔ་མོ་ནས་ཞི་འཇགས་སུ་འགྲོ་བར་རེ་བ་བཅངས་ཡོད། ཁོས་བསྟན་དོན་ལེ་པཱ་ནུན་གྱི་འབྲེལ་ཡོད་ཕྱོགས་ཁག་སོ་སོས་དམག་དཔུང་དང་མཉམ་དུ་ལེ་པཱ་ནུན་གྱི་མི་དམངས་ཀྱིས་རེ་སྒུག་བྱེད་པའི་བདེ་འཇགས་དང་བརྟན་འཇགས་ཀྱི་གནས་བབ་ལ་སྲུང་སྐྱོབ་བྱེད་པར་མཉམ་དུ་བརྩོན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག