མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱའི་སྲིད་གཞུང་གིས་དབང་ཆ་སྤྲོད་མི་སྲིད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-25 11:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མུའུ་ཨ་ལེ་མུའུ་ཡིས་སྤྱི་ཟླ6པའི་ཚེས24ཡི་ཉིན་ཏཱ་མཱ་ཧྲི་ཀི་ནས་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་གིས་རི་ནེ་ཝའི་སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་པ་ནི་གཟབ་ནན་གྱི་དོན་ཞིག་ཡིན་པས་བཤད་པ་དང་། གྲོས་ཚོགས་དེའི་སྟེང་དབང་ཆ་སྤྲོད་མི་སྲིད་པ་ནན་བཤད་བྱས།

མུའུ་ཨ་ལེ་མུའུ་ཡིས་ཉིན་དེར་སི་རི་ཡཱའི་ཕྱི་འབྲེལ་པུའུ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོས་གཟབ་ནན་གྱི་རྣམ་འགྱུར་བཟུང་སྟེ་རི་ནེ་ཝའི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། དྲག་ཤུགས་དང་འཇིགས་སྐུལ་རིང་ལུགས་མཚམས་འཇོག་པའི་དམིགས་ཡུལ་དུ་བསླེབ་པ་ནི་སི་རི་ཡཱའི་མང་ཚོགས་ཀྱི་རེ་བ་ཡིན་ཟེར།

མུའུ་ཨ་ལེ་མུའུ་ཡིས་ད་རུང་ནན་གྱིས་བསྟན་དོན། སི་རི་ཡཱའི་སྲིད་གཞུང་གིས་དབང་ཆ་སྤྲོད་མི་སྲིད་ལ། སུས་དེ་ལྟར་བསམ་ཡང་དེ་ནི་སྟོང་བཤད་ཙམ་ལས་མ་འདས། སི་རི་ཡཱ་ཕྱོགས་ཟོལ་མེད་ཀྱི་གྲོགས་པོའི་འབྲེལ་བའི་ནང་ཞུགས་ཏེ་མི་དམངས་ཀྱི་ཚབ་བྱེད་པའི་རྒྱལ་ཡོངས་མཉམ་འབྲེལ་སྲིད་གཞུང་ཞིག་ཇི་ལྟར་འཛུགས་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

མུའུ་ཨ་ལེ་མུའུ་ཡིས་ད་རུང་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་པར་རྒོལ་གཏམ་བཏང་བ་དང་། བྱེད་ཐབས་དེའི་དམིགས་ཡུལ་ནི་ཉམས་ཉེན་དང་ཟིང་འཁྲུག་གི་རྒྱུན་བསྲིངས་པར་བྱེད་པའི་ཆེད་དུ་ཡིན་ལ། ཧ་ཅང་ཉེན་ཁ་ཆེ་བའི་བྱེད་ཐབས་ཤིག་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག