མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གིས་ཨོ་པཱ་མཱ་འཚམས་འདྲིར་ཡོང་ན་ཨ་ཧྥེ་རི་ཁ་ལྷོ་མའི་དཔལ་འབྱོར་ལ་ཡར་སྐུལ་གྱི་ནུས་པ་ཐོན་སྲིད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-25 11:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་སྤྱི་ཟླ6པའི་ཚེས28ཉིན་ཨ་ཧྥེ་རི་ཁ་ལྷོ་མར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ་ཡིས་བསྟན་དོན། ཨོ་པཱ་མཱ་འཚམས་འདྲིར་ཡོང་ན་ཨ་ཧྥེ་རི་ཁ་ལྷོ་མའི་དཔལ་འབྱོར་ལ་ཡར་སྐུལ་གྱི་ནུས་པ་ཐོན་སྲིད་ཟེར།

ཙུའུ་མཱ་ཡིས་ཚེས24ཡི་ཉིན་གསར་འགོད་པར་བསྟན་དོན། ཨ་མེ་རི་ཁ་ནི་ཨ་ཧྥེ་རི་ཁ་ལྷོ་མའི་དངུལ་གཏོང་དང་གནས་སྐོར། ཚན་རྩལ་བཅས་ཐད་ཀྱི་གྲོགས་པོ་གལ་ཆེན་ཡིན་པ་དང་། ཨོ་པཱ་མཱ་ཡིས་ཐེངས་འདིར་འཚམས་འདྲི་བྱེད་པར་གལ་འགངས་ཧ་ཅང་ཆེ། ཁོས་བཤད་རྒྱུར། ཨོ་པཱ་མཱ་འཚམས་འདྲིར་ཡོང་ན་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་དང་བདེ་འཇགས་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥེ་རི་ཁ་ལྷོ་མའི་དཔལ་འབྱོར་དེ་དངུལ་ལོར་ཚད་བརྒལ་འགྲེམ་པ་དང་འཕར་སྣོན་དལ་བའི་གནས་སུ་ལྷུང་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ་ཡིས་བལྟས་ན། ཨོ་པཱ་མཱ་འཚམས་འདྲིར་ཡོང་ན་ཨ་ཧྥེ་རི་ཁ་ལྷོ་མའི་དཔལ་འབྱོར་ལ་ཡར་སྐུལ་གྱི་ནུས་པ་ཐོན་སྲིད་ཟེར།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཨོ་པཱ་མཱ་ཡིས་སྤྱི་ཟླ6པའི་ཚེས26ཉིན་ནས་སྤྱི་ཟླ7པའི་ཚེས3ཉིན་བར་སེ་ནེ་ཀལ་དང་ཨ་ཧྥེ་རི་ཁ་ལྷོ་མ། ཐན་ཙན་ནི་ཡཱ་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཁོས་འཚམས་འདྲི་བྱེད་སྐབས་ཨ་མེ་རི་ཁ་དང་རྒྱལ་ཁབ་དེ་གསུམ་བར་གྱི་ཉོ་ཚོང་དང་དངུལ་གཏོང་སོགས་ལ་ཡར་སྐུལ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག