མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱི་དམག་དཔུང་ལ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ་མི3རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-24 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དམག་ཕྱོགས་ཀྱིས་སྤྱི་ཟླ6པའི་ཚེས23ཉིན་གསལ་སྒྲོག་སྤེལ་གཏེ། ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སའེ་ཏཱ་ཡི་ཞིབ་བཤེར་ས་ཚིགས་ཤིག་ལ་ཉིན་དེར་ལེ་པཱ་ནུན་གྱི་ཞོང་ནེ་ཕྱོགས་ཁག་གི་པེ་སཱ་ལཱ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། དམག་མི3རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག

གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེའི་ཕྱི་དྲོར་སཱ་ལཱ་ཧྥེ་ཕྱོགས་ཁག་གི་དྲག་ཆེས་ཉེས་ཅན་གྱིས་ལེ་པཱ་ནུན་དམག་དཔུང་གི་སའེ་ཏཱ་ཡི་ཞིབ་བཤེར་ས་ཚིགས་ཤིག་ལ་མེ་མདས་བརྒྱབ་པ་དང་། དམག་དཔོན2དང་དམག་མི1རྐྱེན་ལམ་དུ་ཤོར། མི་མང་བོར་རྨས་ཕོག་པ་དང་། གཞན་ཡང་དམག་བཀོལ་རླངས་འཁོར་རེ་འགར་གཏོར་བརླག་ཐེབས། མིག་སྔར་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། དམག་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་གནས་བབ་ཚོད་འཛིན་བྱས་ཏེ་དྲག་ཆས་ཉེས་ཅན་འཛིན་བཟུང་བྱེད་བཞིན་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དྲག་ཆས་ཉེས་ཅན་གྱིས་འཁྲུག་རྩོད་བྱེད་སྐབས་བསྟུད་བརྒྱག་མེ་མདའ་དང་མེ་ཤུགས་འཕུར་མདའ་སོགས་མཚོན་ཆ་བཀོལ་བ་དང་། དུས་ངེས་ཅན་ཞིག་ལ་པེ་རུ་ཐི་རུ་འགྲོ་སའི་མྱུར་བགྲོད་གཞུང་ལམ་བཀག་ཡོད། འཁྲུག་རྩོད་བྱུང་རྗེས་ལེ་པཱ་ནུན་གྱི་དམག་དཔུང་གིས་འཁྲུག་རྩོད་བྱུང་སར་དམག་ཤུགས་མང་དུ་བཀོད་སྒྲིག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག