མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་ལེ་པཱ་ནུན་དུ་བྲོས་བྱོལ་བྱས་པའི་སི་རི་ཡཱའི་ཡུལ་གྱར་བ553000ལས་བརྒལ་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-24 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་ཁང་གིས་སྤྱི་ཟླ6པའི་ཚེས23ཉིན་པེ་རུ་ཐི་ནས་སྙན་ཞུ་སྤེལ་ཏེ། ད་ལྟའི་བར་ལེ་པཱ་ནུན་དུ་བྲོས་བྱོལ་བྱས་ཏེ་ཡུལ་གྱར་བའི་ཐོབ་ཐང་བརྩོན་ལེན་བྱེད་པའི་སི་རི་ཡཱའི་མི553600ལས་བརྒལ་ཡོད་པ་དང་། གཟའ་འཁོར་སྔོན་མ་ལས་མི23600ཇེ་མང་དུ་སོང་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། སི་རི་ཡཱའི་ཡུལ་གྱར་བའི་ཁྲོད་མི473500ཡིས་མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་དུ་ཐོ་འགོད་བྱས་ཡོད་པ་དང་། གཞན་ཡང་མི80000ཀྱིས་ཐོ་འགོད་བྱེད་པར་སྒུག་ཡོད། ཁོ་ཚོར་ལེ་པཱ་ནུན་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་འབྲེལ་ཡོད་རྒྱལ་སྤྱིའི་ལས་ཁུངས་ཀྱི་སྲུང་སྐྱོབ་དང་རོགས་རམ་ཐོབ་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་ལེ་པཱ་ནུན་གྱི་ས་ཁུལ་རེ་འགར་བཙུགས་ཡོད་པའི་ཐོ་འགོད་ས་ཚིགས་བརྒྱུད་དེ་སི་རི་ཡཱའི་ཡུལ་གྱར་བར་ཐོ་འགོད་བྱས་པ་དང་། གཟའ་འཁོར་སྔོན་མར་སི་རི་ཡཱའི་ཡུལ་གྱར་བ་མི23000ཐོ་འགོད་བྱས། ཡུལ་གྱར་བ་དེ་དག་མང་ཤོས་སི་རི་ཡཱའི་མཐའ་མཚམས་ཀྱི་བྱང་ངོས་དང་ཤར་ངོས་ས་ཁུལ། དེ་མིན་རྒྱལ་ས་པེ་རུ་ཐི་དང་ལྷོ་ཕྱོགས་ས་ཁུལ་བཅས་སུ་བཀོད་སྒྲིག་བྱས་ཡོད་ཟེར།

སྙན་ཞུ་ལས་བསྟན་དོན། སི་རི་ཡཱའི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་བསྟུན་ནས། ལེ་པཱ་ནུན་དུ་བྲོས་བྱོལ་བྱས་པའི་སི་རི་ཡཱའི་ཡུལ་གྱར་བ་ཇེ་མང་དུ་སོང་། འཚང་ཁ་ཤིག་ཤིག་གིས་འབྱོར་བའི་ཡུལ་གྱར་བ་བཀོད་སྒྲིག་བྱེད་ཆེད། ལེ་པཱ་ནུན་རྒྱལ་ཡོངས་ཀྱིས་དངོས་གཞི་མིན་པའི་ཡུལ་གྱར་བའི་བཀོད་སྒྲིག་བྱེད་ས250ལྷག་བཙུགས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག