མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཆ་རྐྱེན་ཡོད་པའི་སྒོ་ནས་ཐཱ་ལེ་པན་བར་ཞི་བའི་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-24 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་སྤྱི་ཟླ6པའི་ཚེས23ཉིན་བསྟན་དོན། གལ་ཏེ་ཕྱོགས་སོ་སོས་ཐཱ་ལེ་པན་གྱི་ཞི་བའི་གྲོས་མོལ་གཞུང་སྒྲུབ་ཁང་གི་ཆབ་སྲིད་གོ་གནས་གསལ་བོ་བྱེད་ན། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཐཱ་ལེ་པན་དང་ཞི་བའི་གྲོས་མོལ་བྱེད་འདོད་ཡོད་ཟེར།

ཨ་ཧྥུའུ་ཧན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུའུ་སཱ་ཙེ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་པས་ཉེ་སྔོན་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་བཙུགས་པའི་གཞུང་སྒྲུབ་ཁང་དེ་ཐད་ཀར་འབྲེལ་འདྲིས་དང་ཞི་བའི་གྲོས་མོལ་བྱེད་པར་བཀོལ་སྤྱོད་བྱེད་པ་ཙམ་ལས་ཆབ་སྲིད་ཀྱི་དམིགས་ཡུལ་ཅི་ཡང་ཡོད་མི་རུང་། གལ་ཏེ་ཆ་རྐྱེན་དེ་ལ་ཁག་ཐེག་བྱས་ན་ཨ་ཧྥུའུ་ཧན་སྲིད་གཞུང་གིས་འཐུས་ཚབ་ཚོགས་པ་མངག་གཏོང་བྱས་ཏེ་ཏའོ་ཧཱ་ནས་ཞི་བའི་གྲོས་མོལ་བྱེད་འདོད་ཡོད་ཟེར།

ཨ་ཧྥུའུ་ཧན་གྱི་ཐེ་ལཱ་པན་དྲག་ཆས་པས་སྤྱི་ཟླ6པའི་ཚེས18ཉིན་ཏའོ་ཧཱ་ནས་ཞི་བའི་གྲོས་མོལ་གཞུང་སྒྲུབ་ཁང་བཙུགས་པ་ཁྱབ་སྒྲོག་བྱས་པ་དང་། དེའི་རྗེས་སུ་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཐཱ་ལེ་པན་བར་ཐད་ཀར་གྲོས་མོལ་བྱེད་རྒྱུ་ཁས་ལེན་བྱས། བྱ་སྤྱོད་དེ་ལ་ཨ་ཧྥུའུ་ཧན་སྲིད་གཞུང་ཁོང་ཁྲོ་ཆེན་པོ་ལངས་པ་དང་། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ་ཡིས་ཚེས19ཡི་ཉིན་ཨ་ཧྥུའུ་ཧན་དང་ཨ་མེ་རི་ཁའི་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་གྱི་གྲོས་མོལ་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཞོར་དུ་ཨ་ཧྥུའུ་ཧན་གྱི་མཐོ་རིམ་ཞི་བདེའི་ཨུ་ཡོན་ལྷན་ཁང་ཏའོ་ཧཱ་རུ་སོང་ནས་ཞི་བའི་གྲོས་མོལ་བྱེད་པའི་བཀོད་སྒྲིག་མེད་པར་བཏང་། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ངོ་རྒོལ་དྲག་པོ་བྱས་པའི་དབང་གིས་ཚེས20ཉིན་བསྡུ་བར་ཐག་བཅད་ཡོད་པའི་ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱི་གྲོས་མོལ་ཐོག་མ་དེ་མེད་པར་གཏོང་དགོས་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག