མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ལི་ཡིས་རྒྱ་གར་ལ་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-24 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལི་སྤྱི་ཟླ6པའི་ཚེས23ཉིན་དྷི་ལེ་གསར་བར་འབྱོར་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱི་ཐོབ་ཐང་བཟུང་ནས་ཐོག་དང་པོར་རྒྱ་གར་ལ་དངོས་གཞིའི་འཚམས་འདྲི་བྱས། འཚམས་འདྲིའི་སྐབས་སུ་ཁི་ལི་ཡིས་ཨ་མེ་རི་ཁ་དང་རྒྱ་གར་གྱི་མཉམ་ལས་རྒྱ་བསྐྱེད་པའི་ཐད་ནས་འཛམ་གླིང་དང་ས་ཁུལ་གྱི་དགོས་གལ་ཆེ་བའི་གནད་དོན་རབས་དང་རིམ་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱེད་པའི་འཆར་གཞི་ཡོད།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཚེས24ཡི་ཉིན་གྱི་ཞོགས་པར་ཁི་ལི་ཡིས་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ཧུའུ་ཨར་ཞི་ཏི་དང་གྲོས་མོལ་བྱས་པ་དང་། དེའི་རྗེས་སུ་རྒྱ་གར་གྱི་ཙུང་ལི་ཞིན་ཀི་དང་གྲོས་མོལ་བྱས། ཚོད་དཔག་བྱས་ན་ཁི་ལི་ཡིས་ཚེས25ཉིན་རྒྱ་གར་དང་ཁ་འབྲལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག