མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཀྭ་ཏོར་གྱི་ཕྱི་འབྲེལ་བློན་ཆེན་གྱིས་སི་ནོའུ་ཏིན་གྱིས་རྒྱལ་ཁབ་དེ་ལ་ཉེན་ཡོལ་རེ་ཞུ་བྱས་མྱོང་བར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-24 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཀྭ་ཏོར་གྱི་ཕྱི་འབྲེལ་བློན་ཆེན་ཕཱ་ཏིས་ནོའུ་ཡིས་སྤྱི་ཟླ6པའི་ཚེས23ཉིན་བདེན་དཔང་བྱས་དོན། ཨ་མེ་རི་ཁའི་ལྟ་རྟོག་ལས་དོན་གྱི་གསང་རྒྱ་བརྟོལ་མཁན་སི་ནོའུ་ཏིན་གྱིས་ཨེ་ཀྭ་ཏོར་རྒྱལ་ཁབ་ལ་ཉེན་ཡོལ་རེ་ཞུ་བཏོན་མྱོང་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཨུ་རུ་སི་རུ་སྡོད་པའི་ཨེ་ཀྭ་ཏོར་གྱི་གཞུང་ཚབ་པས་མའོ་སི་ཁི་ནས་སི་ནོའུ་ཏིན་ལ་གྲོས་མོལ་བྱས་པ་དང་། མིག་སྔར་ད་རུང་ཁོ་ཚོའི་གྲོས་མོལ་གྱི་ནང་དོན་ཞིབ་རྒྱས་དང་། ཨེ་ཀྭ་ཏོར་རྒྱལ་ཁབ་ཀྱིས་སི་ནོའུ་ཏིན་གྱི་ཉེན་ཡོལ་རེ་ཞུ་ལ་ཆོག་མཆན་བཀོད་ཡོད་མེད་གསལ་བོར་མི་ཤེས།

སི་ནོའུ་ཏིན་ཚེས23ཉིན་ཨུ་རུ་སིའི་གནམ་གྲུ་ལ་བསྡད་དེ་མའོ་སི་ཁི་རུ་འབྱོར་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག