མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཕྱི་རྒྱལ་གྱི་གནས་སྐོར་བ10རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-24 10:29

2.jpg

   སྤྱི་ཟླ6པའི་ཚེས23ཉིན། ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་ནས། ཀྲུང་གོའི་སྤྱི་དམངས་ཀྱི་བེམ་པོ་བཅུག་ཡོད་པའི་པུར་སྒམ་རླངས་འཁོར་དུ་འཇོག་བཞིན་ཡོད་པ། ཕཱ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས23ཉིན་བདེན་དཔང་བྱས་དོན། ཉིན་དེའི་ཞོགས་པར་ཕཱ་ཁི་སི་ཐན་བྱང་ཕྱོགས་ས་ཁུལ་ནས་བྱུང་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་ཁྲོད་ཀྲུང་གོའི་སྤྱི་དམངས2རྐྱེན་ལམ་དུ་ཤོར་ཟེར།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་ནང་སྲིད་བློན་ཆེན་ནེ་སར་གྱིས་སྤྱི་ཟླ6པའི་ཚེས23ཉིན་བཤད་རྒྱུར། ཉིན་དེའི་ཞོགས་པར་ཕཱ་ཁི་སི་ཐན་གྱི་ཀ་ཕཱ་ཨར་པཱ་ཐི་ལྷོ་མའི་སྒར་ས་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། རིར་འགོ་བའི་ལུས་རྩལ་པ11རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཕྱི་རྒྱལ་གྱི་གནས་སྐོར་བ10ཡོད་ཟེར།

  ནེ་སར་གྱིས་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་ཕྱི་རྒྱལ་གྱི་གནས་སྐོར་བའི་ཁྲོད་མི་བཞིའི་ཐོབ་ཐང་ངོས་འཛིན་བྱས་པ་དང་། མི་གཉིས་ནི་ཀྲུང་གོའི་སྤྱི་དམངས་ཡིན་པ་དང་། མི་གཅིག་ཨ་མེ་རི་ཁའི་ཀྲུང་གོ་བ་ཡིན་ལ། གཅིག་ནི་ནེ་པཱ་ལཱའི་མི་རེད། དེའི་འཕྲོའི་ཕྱི་རྒྱལ་གྱི་གནས་སྐོར་བ་དྲུག་པོའི་ཐོབ་ཐང་ངོས་འཛིན་བྱས་རྗེས་ཁྱབ་སྒྲོག་བྱེད་རྒྱུ་ཡིན། མིག་སྔར་རྐྱེན་ལམ་དུ་ཤོར་བའི་ཕྱི་རྒྱལ་གྱི་གནས་སྐོར་བའི་བེམ་པོ་ཚང་མ་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་རུ་བསྐྱལ་ཡོད་ཟེར།

  བསྒྲགས་པའི་གནས་ཚུལ་ལྟར་ན། རྨས་ཕོག་པའི་གནས་སྐོར་བ་གཉིས་ཡང་དབྱི་སི་ལན་པའོ་རུ་འབྱོར་ཡོད་ལ། དེའི་གཅིག་ནི་ཀྲུང་གོའི་སྤྱི་དམངས་ཡིན་པ་དང་། གཅིག་ནི་ནེ་པཱ་ལཱའི་མི་རེད་ཟེར།

  དོན་རྐྱེན་བྱུང་རྗེས། ཕཱ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་མྱུར་དུ་ཕཱ་ཁི་སི་ཐན་གྱི་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་གཏུག་བྱས་ཏེ། མྱུར་དུ་རྒུད་སྐྱོབ་བྱེད་དགོས་པ་དང་འདས་མཆོད་ལས་དོན་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།

  ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏཱ་ལི་དང་ཙུང་ལི་ཞེ་ལི་ཧྥུའུ་གཉིས་ཀྱིས་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། རྐྱེན་ལམ་དུ་ཤོར་བ་དང་རྨས་སྐྱོན་ཕོག་མཁན་གྱི་ཁྱིམ་མི་དག་ལ་འཚམས་འདྲི་བྱས། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་བསྟན་དོན། དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ་ལག་དམར་ཁྲིམས་ལ་སྦྱོར་རྒྱུ་ཡིན་ཟེར།

  བསྒྲགས་པའི་གནས་ཚུལ་ལྟར་ན། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དྲག་ཆས་པའི་མགྲིན་ཚབ་པས་མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ནི་རྩ་འཛུགས་དེས་བཟོས་པ་ཁས་ལེན་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག