མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ལོ་ཏི་ཡཱ་རྒྱལ་ཁབ་ཀྱིས་ཧྥ་ཞི་སི་ལ་རྒོལ་བའི་འཐབ་འཁྲུག་ཉིན་མོར་རྗེས་དྲན་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-23 10:35

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁི་ལོ་ཏི་ཡཱའི་ཙུང་ཐུང་ཡོ་ཞི་པའོ་ཝེ་ཆི་ཡིས་ཚེས22ཉིན་ཧྥ་ཞི་སི་ལ་རྒོལ་བའི་འཐབ་འཁྲུག་ཉིན་མོའི་རྗེས་དྲན་མཛད་སྒོར་ཞུགས་སྐབས་བཤད་རྒྱུར། ངེས་པར་དུ་འཐབ་འཁྲུག་ལས་བྱུང་བའི་བསླབ་བྱ་ཡིད་ལ་དམ་པོར་བཅངས་ཏེ་ལོ་རྒྱུས་ལ་བཟོ་བཅོས་གཏན་ནས་བྱེད་མི་རུང་ཟེར།

རྗེས་དྲན་མཛད་སྒོ་དེ་ཉིན་དེའི་སྔ་དྲོར་ཞེ་སཱ་ཁི་གྲོང་ཁྱེར་ཉེ་འདབས་ཀྱི་པུའུ་ལོས་ཙོ་ཝེ་ཁྲ་ནགས་ཚལ་ནས་སྤེལ་ཏེ། ཁི་ལོ་ཏི་ཡཱའི་ཧྥ་ཞི་སི་ལ་རྒོལ་བའི་ངེས་མེད་རྒོལ་རྡུང་རུ་ཁག་ཐོག་མ་བཙུགས་ནས་ལོ་འཁོར་དོན་གཉིས་འགོར་བར་རྗེས་དྲན་བྱས། ཡོ་ཞི་པའོ་ཝེ་ཆི་དང་གྲོས་དཔོན་ལེ་ཁི། སྔོན་ཆད་ཀྱི་ཙུང་ཐུང་མེ་ཞི་ཆི་སོགས་དང་། དེ་མིན་ཧྥ་ཞི་སི་ལ་རྒོལ་བའི་འཐབ་མོ་བ་རྒན་པ་བཅས་བསྡོམས་པས་མི་ཉིས་བརྒྱ་ཙམ་མཛད་སྒོར་ཞུགས།

ཡོ་ཞི་པའོ་ཝེ་ཆི་ཡིས་གཏམ་བཤད་སྤེལ་སྐབས་ནན་གྱིས་བསྟན་དོན། ཁི་ལོ་ཏི་ཡཱ་རྒྱལ་ཁབ་ཀྱིས་སྤྱི་ཚོགས་འགྲིག་མཐུན་དང་རྒྱལ་ཁབ་དར་རྒྱས་འབྱུང་བར་འབད་འབུངས་དང་ཡར་སྐུལ་བྱེད་རྒྱུ་ཡིན་ཡང་། དུས་ནམ་ཡིན་ཡང་ཧྥ་ཞི་སི་ལ་རྒོལ་བ་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་བཟོ་བཅོས་བྱེད་པ་དང་འཁོན་ལན་སློག་པར་ངན་སྐུལ་བྱེད་པར་བཀག་འགོག་བྱེད་དགོས་ཟེར། ཁོས་དེའི་རྗེས་སུ་ཧྥ་ཞི་སི་ལ་རྒོལ་བའི་འཐབ་མོ་བ་རྒན་པའི་འཐུས་མིར་བྱས་རྗེས་རྟགས་མ་བྱིན་ནས་ཁོ་ཚོས་ཧྥ་ཞི་སི་ལ་རྒོལ་བའི་འཐབ་འཁྲུག་ཁྲོད་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས།

གཏམ་བཤད་མ་སྤེལ་གོང་། ཡོ་ཞི་པའོ་ཝེ་ཆི་དང་ཁི་ལོ་ཏི་ཡཱ་རུ་སྡོད་པའི་བུའུ་ཁི་ལན་གྱི་ཕྱི་འབྲེལ་དཔོན་པོ་སོགས་ཀྱིས་པུའུ་ལོས་ཙོ་ཝེ་ཁྲ་ནགས་ཚལ་ཁྲོད་ཀྱི་ངེས་མེད་རྒོལ་རྡུང་རུ་ཁག་གི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག