མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དབྱི་སི་ལན་ཆོས་ཁང་ཞིག་ལ་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི45ཤི་རྨས་ཐེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-23 10:35

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས22ཉིན་བཤད་རྒྱུར། རྒྱལ་ས་པཱ་ཀ་ཏཱའི་བྱང་ཕྱོགས་ཀྱི་ཧྲི་ཡེ་ཕྱོགས་ཁག་གི་དབྱི་སི་ལན་ཆོས་ཁང་ཞིག་ཏུ་ཉིན་དེའི་དགོང་མོར་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི45ལ་ཤི་རྨས་ཐེབས་ཟེར།

མིང་བཤད་མི་འདོད་པའི་ས་དེའི་ཉེན་རྟོག་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་པཱ་ཀ་ཏཱའི་བྱང་ཕྱོགས་ཀྱི་སྤྱི་ལེ་ཉི་ཤུའི་མཚམས་སུ་ཡོད་པའི་ཐཱ་ཅི་གྲོང་རྡལ་གྱི་ཧྲི་ཡེ་ཕྱོགས་ཁག་གི་དབྱི་སི་ལན་ཆོས་ཁང་ཞིག་ནས་བྱུང་བ་དང་། འཇབ་རྒོལ་ལས་ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར་བ་དང་། མི30ལ་རྨས་ཕོག འགས་གཏོར་དོན་རྐྱེན་བྱུང་རྗེས་དབྱི་རག་བདེ་འཇགས་དམག་དཔུང་གིས་མྱུར་དུ་དོན་རྐྱེན་བྱུང་སར་བཀག་སྡོམ་བྱས་ཏེ་རྒུད་སྐྱོབ་བྱ་བ་སྤེལ། ཤི་རྨས་ཐེབས་པའི་མི་སྣ་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།

ཉིན་དེའི་སྔ་དྲོར་དབྱི་རག་བྱང་ཕྱོགས་ཀྱི་མའོ་སུའུ་ཨར་དང་ཐུའུ་ཙི་ཧུའུ་ཨར་མཱ་ཐུའུ། ཐིས་ཁི་ལི་ཐི་སོགས་ས་ཆར་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ། ཉུང་མཐར་ཡང་མི9རྐྱེན་ལམ་དུ་ཤོར་བ་དང་། མི5ལ་རྨས་ཕོག་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག